为全力做好老年人群等重点人群新冠病毒疫苗接种工作,方便辖区老年人就近就便接种新冠病毒疫苗,即日起城关区恢复西藏自治区人民医院、西藏自治区第二人民医院、西藏自治区藏医院、八廓街道社区卫生服务中心、功德林街道社区卫生服务中心、金珠西路街道社区卫生服务中心、吉崩岗街道社区卫生服务中心、吉日街道社区卫生服务中心、藏热社区卫生服务中心、加荣社区卫生服务站、塔玛社区卫生服务中心、恩惠苑社区卫生服务站、娘热街道卫生院、夺底街道卫生院、纳金街道卫生院、蔡公堂街道卫生院、嘎玛贡桑街道社区卫生服务中心、两岛街道社区卫生服务中心和扎细街道社区卫生服务中心新冠病毒疫苗接种服务。
广大市民群众就近、就便选择上述新冠病毒疫苗接种点,接种时间为正常上班时间。为了避免出现人员聚集,请广大市民提前预约或社区居委会的统一安排到接种点接种。疫苗接种有效预防新冠重症发生和死亡,尚未接种疫苗的市民尽早接种或全程接种新冠病毒疫苗。接种过程中,请做好个人防护,全程佩戴医用防护口罩,保持2米以上社交距离,接种回家后做到第一时间洗手。
ནུས་ཤུགས་ཡོད་རྒུས་རྒན་རྒོན་སོགས་མང་ཚོགས་ཀྱི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་ཆེད་དང་། མངའ་ཁུལ་གྱི་རྒན་འཁོགས་རྣམས་ཐག་ཉེ་སར་སོང་ནས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྟབས་བདེ་ཡོང་ཆེད། དེ་ཉིན་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཀུན་བདེ་གླིང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། རྗེ་འབུམ་སྒང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། སྐྱིད་རས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གཙང་རལ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལྕགས་རོང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས། དར་དམར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། དྲིན་སྐྱོང་གླིང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས། ཉང་བྲན་ཁྲོམ་གཞུང་འཕྲོད་བསྟེན་ཁང་དང་། དོག་བདེ་ཁྲོམ་གཞུང་འཕྲོད་བསྟེན་ཁང་། རྔ་ཆེན་ཁྲོམ་གཞུང་འཕྲོད་བསྟེན་ཁང་། ཚལ་གུང་ཐང་ཁྲོམ་གཞུང་འཕྲོད་བསྟེན་ཁང་། ཀརྨ་དགོན་གསར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གླིང་ཕྲན་གཉིས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གྲྭ་བཞི་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་ཀྱི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་སླར་གསོ་བྱ་རྒྱུ་ཡིན།
རྒྱ་ཆེའི་གྲོང་མི་མང་ཚོགས་ཚོས་གོང་གསལ་གྱི་ཚན་པ་དེ་དག་ནས་ཐག་ཉེ་སའི་རིམས་འགོག་ཁབ་རྒྱག་སར་སོང་ནས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་ནི་རྒྱུན་གཏན་གྱི་ལས་ཀ་བྱེད་པའི་དུས་ཚོད་ཡིན་པ་དང་། མི་འདུ་འཛོམས་མི་ཡོང་བའི་བྱེད་ཆེད་རྒྱ་ཆེའི་གྲོང་མིས་སྔོན་ནས་ཁ་ཆད་བྱེད་པའམ་ཡང་ན་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་རིམས་འགོག་སྨན་ཁབ་རྒྱག་པར་འགྲོ་དགོས། རིམས་འགོག་སྨན་ཁབ་བརྒྱབ་ན་ཏོག་གསར་ནད་དུག་རིམས་ནད་འགོས་རྫེས་ནད་གཞི་ལྕི་པོ་དང་མི་ཤི་བར་སྔོན་འགོག་ནུས་ཆེན་པོ་ལྡན་ཡོད་པ་དང་། རིམས་འགོག་སྨན་ཁབ་རྒྱག་མྱོང་མེད་པའི་གྲོང་མིས་གང་མགྱོགས་སྨན་ཁབ་རྒྱག་པའམ་ཡང་ན་བརྒྱུད་རིམ་ཧྲིལ་པོར་བརྒྱབ་མེད་པའི་གྲོང་མི་ཚོས་གང་མགྱོགས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་དགོས། སྨན་ཁབ་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་མི་སྒེར་གྱིས་འགོག་སྲུང་ཡག་པོ་བྱས་ནས་སྨན་བཅོས་ལ་མཁོ་བའི་འགོག་སྲུང་གི་ཁ་རས་བརྒྱག་པ་དང་། སྨི་2ཡན་གྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པ་དང་སྨན་ཁབ་བརྒྱབ་རྗེས་ཁྱིམ་དུ་སླེབས་དང་ེའཕྲལ་མར་ལག་པ་བཀྲུ་ཐུབ་པ་བྱེད་དགོས།
拉萨市城关区卫生健康委员会
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས།
2022年12月7日
(编辑:阿旺旦增)
中央部门网站
自治区部门网站
地(市)委部门网站
相关新闻网站