“ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུ་བར་དུས་ཚོད་ཐུང་ལ་ལས་འགན་ལྕི་པོ་ཡོད། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་བྱས་ཚེ་ང་ཚོར་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་གདེང་ཚོད་དང་ནུས་ཤུགས་ལྡན་ཡོད།
“ལོ་ཕྱེད་ཀྱི་སྙན་ཞུ”ནས་འཕེལ་རྒྱས་གནས་ཚུལ་ལ་བལྟས་ཚེ་གདེང་ཚོད་དེ་བས་ཆེ་རུ་འགྲོ་ཐུབ།
ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་འབོར་དུས་མཚུངས་ལས་5.3%འཕར་བ་དང་། དབྱར་འབྲུའི་ཐོན་འབབ་བརྟན་པོ་བྱུང་ནས་ལོ་ལེགས་བྱུང་བ། “བརྟན་པའི”རྣམ་པ་རྒྱུན་འཁྱོངས་ཐུབ་པ། མི་བཞུགས་འཇིག་རྟེན་འཕུར་སྐྱོད་དང་མི་ཐབས་རིག་ནུས་སོགས་གསར་གཏོད་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ནས“ཡར་རྒྱས”ཀྱི་རྣམ་པ་མངོན་པ། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་9.5%འཕར་ནས“གསར་པའི”སྒུལ་ཤུགས་གཅིག་ཏུ་འདུས་པ་སོགས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལེགས་སྒྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
སྲིད་ཇུས་ལག་བསྟར་བྱས་པ་ནས་འཕེལ་རྒྱས་གཏོང་ནུས་ལ་བལྟས་ཚེ་གཏིང་ཤུགས་དེ་བས་ཆེ་རུ་འགྲོ་ཐུབ།
“གལ་ཆེན་གཉིས”དང“གསར་པ་གཉིས”ཀྱི་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་བ་ལས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་དང་ནང་མཁོའི་མངོན་མེད་སྟོབས་ཤུགས་ཟམ་མི་ཆད་པར་མངོན་པ་དང་། “ནང་འདྲིལ་རྣམ་པའི”འགྲན་རྩོད་མེད་པར་བཟོས་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་ཡོད།
ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། འགག་སྒྲོལ་དཀའ་སེལ་བཅས་ལས། “ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཡིན་པ”ར་སྤྲོད་གང་ལེགས་ཐུབ་ཡོད།
རྒྱལ་ཁ་ཐོབ་ངེས་ཡིན་པའི་གདེང་ཚོད་བརྟན་པོ་དང་བློ་བརྟན་འགྱུར་མེད་ངང་རང་ངོས་ལས་དོན་ཡག་པོ་བསྒྲུབས་ཚེ་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་བསྐྱེད་ཐུབ་ལ། འཕེལ་རྒྱས་ཀྱི་འཆར་གཞི་དེའང་དོན་དངོས་སུ་འགྱུར་ཐུབ་ངེས་རེད།
རྩོམ་སྒྲིག་པ། པ་བཟང་སྒྲོལ་དཀར་།
中央部门网站
自治区部门网站
地(市)委部门网站
相关新闻网站