བསམ་བློའི་དཔལ་འབར་གྱིས་རྒྱང་ལམ་ཡངས་པོར་འོད་སྣང་སྦྱིན། ཐུགས་ཁུར་ཟབ་མོས་འབད་བརྩོན་གྱི་སྟོབས་ཤུགས་ཆེན་པོ་འཕེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་མདུན་དུ་བསྐྱོད་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས།
ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ངོས་འཛིན་ཟབ་ཏུ་གཏོང་བ་དང་། དེ་ནས་ངོས་འཛིན་ཟབ་ཏུ་གཏོང་བར་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེའི་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་། དམིགས་ཚད་ཁ་ཕྱོགས་སྟངས་འཛིན་ཡང་དག འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། ང་ཚོས་གཙོ་འཛིན་གྱི་བརྩེ་བ་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ། བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་བཅས་གནང་བ་བློ་ལ་བརྟན་པོར་ངེས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་རང་འགན་ཐེག་པ་འཁུར་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་གནས་བབ་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ནན་བཤད་གནང་བའི་མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་འགན་ལེན། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ནུས་ལྡན་དང་གོ་ཆོད་ཡོང་བར་བྱེད་དགོས། འགན་འཁྲི་དང་ལས་འགན་ལ་གོ་བ་གཏིང་ཟབ་བླངས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་དགོས།
དོན་དག་བདེ་བླག་ངང་ལེགས་སྒྲུབ་བྱེད་པར་ངེས་པར་དུ་སློབ་སྦྱོང་ལ་བརྟེན་ནས་གྲུབ་འབྲས་དངོས་ཐོབ་པར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་་རེད་ལ། དམངས་འཚོའི་རེ་ལྟོས་ཤིག་དེ་བས་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སློབ་སྦྱོང་དྲིལ་བསྒྲགས་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཟིགས་སྐྱོང་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས།
དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་བྱེད་པ་དང་། རིགས་ཁག་གི་སྨྱན་སྦྱོར་གྱིས་ནུས་པ་འདོན་པ་དང་མཉམ་ཤུགས་ཆགས་པར་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྐད་ཆ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་གྱིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱེད་པ། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པར་དེ་བས་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང་ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཕྱུག་པོ་ཆགས་རྗེས་གུང་ཁྲན་ཏང་བརྗེད་མི་རུང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།
འཕྲལ་ཤེས་འཕྲལ་བསྟར་ལ་སྐུལ་འདེད་བཏང་ནས་རང་འགན་ཐེག་པ་འཁུར་ལེན་མངོན་པར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་མཐའ་གཅིག་གི་རང་འགན་ཐེག་པ་འཁུར་ལེན་དང་། དོན་འཁྱོལ་བྱེད་ཐབས་ངེས་པར་དུ་དེ་བས་ནུས་ལྡན་ཡོང་བར་བྱེད་དགོས། ལས་ཀའི་ལས་འགན་ཁག་ལ་དམིགས་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་གལ་ཆེན་འདོན་པར་བློ་གཤོགས་ཡངས་པོ་དགོས་ལ་ཐེག་པ་འཁུར་ལེན་ཡང་དགོས་པ་དང་། རང་འགན་ཐེག་པ་འཁུར་ལེན་གྱི་བློ་སྟོབས་ཡོད་དགོས་ལ་དཀའ་གནད་ཐག་གཅོད་བྱེད་པའི་བློ་གྲོས་ཀྱང་ཡོད་དགོས། ལྕི་འགན་ཁུར་ལེན་དང་འགག་སྒྲོལ་དཀའ་སེལ་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བ་དང་རང་འགན་ཐེག་པ་ཁུར་ལེན་མངོན་པའི་རྡོ་ཀ་ཤུ་ཀ་དང་རྡར་རྡོ་ལྟ་བུར་བརྩིས་ཏེ། སྔོན་ལ་སྒྲུབ་ཕོད་པ་དང་། ལས་སྒྲུབ་གཙོར་བཟུང་། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རིང་མདུན་དུ་སྐྱོད་པ་དང་ཚོད་བགམ་ཐེག་ཐུབ་པར་བྱེད་དགོས། རིམ་ཁག་ལྟ་བཤེར་སྡེ་ཚན་གྱིས་རྗེས་སྙེག་ཕན་རྩད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།
དངོས་སྒྲུབ་དང་ལས་རྗེས་དངོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བསྒྲུབས་ནས་བྱུང་བ་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དངོས་སྒྲུབ་དང་ལས་རྗེས་དངོས་ཀྱི་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་མཚོན་དགོས་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་ཁ་ཕྱོགས་གསལ་པོ་ལག་ལེན་བསྟར་དགོས། ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་དེ་སྐུལ་འདེད་གཏོང་བཞིན་པའི་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་བཟོ་བར་དམ་འཛིན་བྱེད་པ། ཞིབ་ཕྲའི་ལས་འགན་དང་། སྣེ་འཁྲིད་མཁན་འགོ་ཁྲིད། འགན་འཁུར་ཚན་པ་བཅས་རེ་རེ་བཞིན་ཁ་གསལ་བཟོ་བ། གཞི་གཅིག་ཏུ་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་དང་ལས་ཀའི་ཕན་ནུས་དངོས་ཚད་གཞིར་བྱས་ནས་བཤད་མ་ཐག་སྒྲུབ་པ་དང་བསྒྲུབས་མ་ཐག་གྲུབ་པར་བྱས་ཐོག ལས་དོན་མཐའ་དག་དོན་འཁྱོལ་དམིགས་སར་འབྱོར་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
ལེ་ཁྲིའི་རྒྱང་ལམ་རླུང་འཚུབ་གྲོགས་སུ་བསྟེན། ལས་འགན་ལྕི་པོ་འཁུར་བཞིན་བསྐྱར་དུ་ཐོན། མངགས་བཅོལ་ཟབ་མོ་བློ་ལ་ངེས་པ་དང་དྲིན་ཚོར་འབད་འབུངས་ཀྱིས་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དམ་པ་དོན་གཉེར་གྱི་སྐད་སྒྲ་དྲག་པོ་སྒྲོག་པ། རང་འགན་ཐེག་པ་འཁུར་ལེན་གྱི་སྙིང་སྟོབས་འཕེལ་བར་བྱེད་པ། བོད་ཀྱི་གཏམ་རྒྱུད་ཀྱི་རྣམ་པ་གསར་པ་གཏོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་སྙིང་སྟོབས་དེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་བྱ་སྤྱོད་དངོས་སུ་སྒྱུར་བ་བཅས་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站