​མཐུན་སྦྱོར་འཕེལ་རྒྱས་ནི་དུས་རབས་གསར་པའི་ཀྲུང་གོ་རྣམ་པར་རྒྱལ་བའི་ཐབས་མཆོག་ཅིག་རེད།

发布时间:2025年07月08日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐུན་སྦྱོར་ནི་འཕེལ་རྒྱས་གཏོང་སྟངས་ཤིག་རེད་ལ། འཕེལ་རྒྱས་ཀྱི་དམིགས་ཚད་ཀྱང་ཡིན་པ་དང་འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་འཇལ་བྱེད་ཀྱི་ཚད་གཞི་ཞིག་ཀྱང་རེད”ཅེས་གསུངས་ཡོད། དུས་བབ་ཕྱག་གཟིགས་ཀྱི་རྣམ་བཤད་འདིས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགག་རྩའི་གནས་ཚད་གནད་ལ་འཁེལ་པོས་བཟུང་ཡོད་ལ། དེའི་མེད་དུ་མི་རུང་བའི་གནས་བབ་དང་ནུས་པའང་གསལ་པོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔ“ཤིང་ཟོམ་གཞུང་ལུགས”དཔེར་བཞག་ནས“ཤིང་ཟོམ་ཞིག་གི་ནང་ཆུ་ཇི་ཙམ་ཤོང་མིན་དེ་པང་ལེབ་རིང་ཤོས་ལ་ལྟ་མི་རུང་བར་པང་ལེབ་ཐུང་ཤོས་དེར་ལྟ་དགོས”ཞེས་གསུངས་མྱོང་། དེ་ཐོག་ནས་ཁྱབ་ཁོངས་ཁག་དང་། ས་ཁོངས་ཁག ལྷུ་ཚིགས་ཁག་བཅས་མཐུན་སྦྱོར་མཉམ་འཕེལ་བྱུང་ན་གཞི་ནས་འཕེལ་རྒྱས་ཀྱི་ཆད་སྐྱོན་གྱི་འགོག་རྐྱེན་མི་ཕོག་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་དངོས་འབྲེལ་སྐྱོད་ཐུབ་པ་གསོན་ཉམས་དོད་པོས་བསྟན་ཡོད།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་དང་། འབྲི་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་བ་རེད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཆ་གསུམ་གྱིས་མཉམ་ལས་དམ་ཟབ་བྱས་ཏེ། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གོ་རིམ་ལྡན་པའི་ངང་བསལ་བ་དང་། ཐོན་ལས་ཐུན་མོང་ཐོག་རྒྱུན་མཐུད་ཟབ་ཏུ་བཏང་བ། ས་ཁོངས་ཀྱི་ལེ་ལག་ནུས་པ་རིམ་བཞིན་འཕར་བ། ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བཏང་ཡོད། འབྲི་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བཟུང་སྟེ་སྟོད་སྨད་རྒྱུད་དང་། ངོགས་གཡས་གཡོན། ཆུ་གཞུང་དང་ཆུ་ལག་བཅས་ལ་སྤྱི་འདོམས་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀ་དར་རྒྱས་སོང་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་ས་ཆ་གསུམ་གྱི་ལེགས་ཆ་འདུས་ཡོད་པས། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རྒྱལ་སྤྱིའི་ཁུག་ཆེན་རྩེ་གྲ་དང་འཛམ་གླིང་རིམ་པའི་ཡུག་འབྲེལ་གྲོང་ཚོགས་ཀྱི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད། དབུས་ནུབ་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་ལོ་མང་རིང་ཤར་རྒྱུད་ལས་མགྱོགས་པ་དང་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་ཕྱོད་ཆེན་པོ་མངོན་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་གྲོང་གསེབ་ཏུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་གསེབ་ཀྱི་འགྲོ་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་། ཆུ་གློག་མཁོ་འདོན་བརྟན་ལ་བློས་འགེལ་ཆོག་པ། ས་ཁོངས་ཧྲིལ་པོར་དྲ་རྒྱ་ཁྱབ་ཡོད། སློབ་གསོ་དང་སྨན་བཅོས་ཐོན་ཁུངས་གྲོང་གསེབ་ཏུ་རྒྱུན་མཐུད་ཕྱོགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད་ལོ་རེ་བཞིན་དམའ་རུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་ཡོད། ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྒྱུ་རང་མོས་འཁོར་རྒྱུག་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་ནས། ཤེས་ལྡན་པ་དང་། ས་ཆ། མ་རྩ་སོགས་གྲོང་ཁྱེར་དང་གྲོང་གསེབ་དབར་བཀོད་སྒྲིག་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་ཀྱི་ཐོན་ལས་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་ཕྱིན་པ་བཅས་ལས་ཞིང་པའི་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་བྱ་གཞག་ཀྱང་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་དམངས་འཚོ་འགན་སྲུང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་མ་ལག་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། དངོས་པོའི་འབྱོར་པ་དོན་གཉེར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། རིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་ཏུ་གཏོང་བ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་སྐུལ་འདེད་དང་གོམ་སྟབས་གཅིག་གྱུར་ཡོང་བར་བྱས་ཡོད།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་རྗེས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་དུ་སོང་ཡོད། དེས་ན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བརྒྱུད་རིམ་གྱི་ལྟ་བ་འཛིན་པ། འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་སྣང་ཆེན་བྱེད་པ། ཆད་སྐྱོན་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་གཏོང་རིང་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་རྟིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ནུས་ཕྱོད་ཆེ་བ། སྔར་ལས་དྲང་སྙོམས་ལྡན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་དུ་གཏོང་དགོས། 

                                                                                  རྩོམ་སྒྲིག་པ། བསོད་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com