བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་ནང་བསྟན་སློབ་གླིང(བོད་ལྗོངས་བོད་རིག་པ་ཞིབ་འཇུག་ལྟེ་གནས)གིས་བོད་བརྒྱུད་ནང་བསྟན་བཀའ་བསྟན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་སྐབས་བདུན་པ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་བོད་བརྒྱུད་དང་། རྒྱ་བརྒྱུད། ལྷོ་བརྒྱུད་བཅས་ཀྱི་ནང་བསྟན་སློབ་གླིང་དང་མཐོ་སློབ་ཚན་ཞིབ་ལས་ཁུངས་ནས་ཡོང་བའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་བོད་ལྗོངས་ནང་བསྟན་སློབ་གླིང་གི་དབུ་མཛད་དང་། སློབ་མ། དགེ་རྒན་ལས་བཟོ་བཅས་བསྡོམས་མི་900ལྷག་ཙམ་ཞུགས་པ་རེད།
ད་ཐེངས་ཀྱི་དཔྱད་གླེང་ཚོཌ་འདུར“‘འདུ་ཤེས་གསུམ’གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོར་འཛུཌ་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་ནས་དཔྱད་རྩོམ་68བསྡུས་པ་དང་། དཔྱད་རྩོམ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད་དམིགས་བསལ་གྱི་བྱ་དགའ་དང་། བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་རེད།
རྩོམ་སྒྲིག་པ།ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站