སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ནི་སྤྱི་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་མཁན་ཞིག་ཡིན་པ་དང་དཔལ་འབྱོར་ལས་དོན་ནི་ལྟེ་བའི་ལས་དོན་ཡིན་པས། ཏང་གི་འགོ་ཁྲིད་ལྟེ་བའི་ལས་དོན་ཁྲོད་དུ་གང་ལེགས་མངོན་པར་བྱེད་དགོས། ལྟེ་བའི་ལས་དོན་གྱི་འགག་གནད་དེ་དམ་འཛིན་ཐུབ་ཚེ། ལས་དོན་གཞན་དག་དེ་བས་ལེགས་པའི་སྒོ་ནས་སྤེལ་ཐུབ”ཅེས་གསུངས་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ངོ་བོའི་ཁྱད་ཆོས་ཁོང་དུ་ཟབ་མོ་ཆུད་པ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཤེས་རྟོགས་དང་ཁོང་དུ་ཟབ་མོ་ཆུད་པ་ཞིག་ཀྱང་ཡིན།
གལ་ཏེ་ཀྲུང་གོའི་དཔལ་འབྱོར་དེ་གྲུ་གཟིངས་ཆེན་པོ་ཞིག་ལ་དཔེ་བཞག་ན། གྲུ་གཟིངས་ཆེན་པོ་འདི་འགྱུར་ལྡོག་ཆེ་བའི་འཛམ་གླིང་དཔལ་འབྱོར་གྱི་རླབས་རྒྱུན་དྲག་པོའི་ཁྲོད་དུ་རླབས་བཤགས་མདུན་སྐྱོད་བྱེད་དགོས་ན། ཁ་ལོ་སྒྱུར་མཁས་པའི་དེད་དཔོན་ཞིག་ཡོད་དགོས་པས། དེད་དཔོན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་རེད། གྲུ་གཟིངས་ཇི་ཙམ་ཆེ་ན་རླབས་ཀྱང་དེ་ཙམ་གྱིས་ཆེ་བས་ཁ་སྒྱུར་ཕྱོགས་སྟོན་བྱ་རྒྱུ་དེ་བས་གལ་འགངས་ཆེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་མིན་གྱི་རྩ་བ་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་ཡག་པོ་འདོན་ཐུབ་མིན་ལ་ཐུག་ཡོད།
སྲིད་འཛིན་ཏང་ཞིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འཚོ་བ་མཐའ་དག་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ལྡན་པས། དེའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བ་དང་ཚན་རྩལ་གསར་བརྗེ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་གནང་སྟེ། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མང་དུ་འགྲོ་བ་དང་། རྒྱལ་ནང་གི་ཕན་ཡོད་དགོས་མཁོ་མི་འདང་བ། དཔལ་འབྱོར་འཁོར་སྐྱོད་ཁ་ཐོར་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཅུང་མང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་དཀའ་བ་སོགས་འཕེལ་རྒྱས་དང་ཕྱོགས་སྒྱུར་ཁྲོད་ཀྱི་གནད་དོན་རབ་དང་རིམ་པར་སྟངས་འཛིན་ཡང་དག་དང་ཁ་གཏད་ནུས་ལྡན་བཅག་པར་བརྟེན་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་ཏན་ཏིག་ཕྱིན་པ་མ་ཟད། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ངེས་ཤུགས་དང་ངར་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད་ལ། དཔལ་འབྱོར་འཁོར་སྐྱོད་ལ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་གྱི་གྲུབ་འབྲས་བཟང་པོ་ཐོབ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། དེ་བས་ལས་ཆོད་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཐུབ་ཡོད།
ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཀའ་ངལ་འཕྲད་སྐབས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བརྒྱབ་རྟེན་བརྟན་པོ་ཞིག་དང་། ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་ཚོད་བགམ་གལ་ཆེན་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བརྡར་གཅོད་ནུས་པ་དང་། ཇུས་ཐག་གཅོད་པའི་ནུས་པ། བྱ་སྤྱོད་ནུས་པ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ནང་གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་བཏོན་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དཔལ་འབྱོར་དང་ཆབ་སྲིད་ཚད་མཐོའི་གཅིག་གྱུར་གྱི་རྩོད་སྒྲུབ་འབྲེལ་བར་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་སྡོམ་དང་ལེགས་སུ་བཏང་བ་མ་ཟད། དུས་རབས་གསར་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་བླང་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་གནང་བའང་གང་ལེགས་མངོན་ཏེ། ཀྲུང་གོའི་ཁྱད་ཆོས་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་ཆེད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད།
རྩོམ་སྒྲིག་པ། བསོད་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站