རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས།

发布时间:2025年05月15日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཐོན་རང་བཞིན་ལྡན་པས། སྤྱོད་ཚུལ་འཛུགས་སྐྱོང་ལ་འགོ་འཛུགས་ས་ལས་མཇུག་བསྡུ་ས་མེད། ཆོད་སེམས་དང་གདེང་ཚོད་བརྟན་དུ་བཏང་ནས་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་ལ་བརྩིས་ཏེ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་དམ་འཛིན་བྱས་ཚེ། གཞི་ནས་དོ་དམ་གྱི་གོམས་གཤིས་འཇགས་པ་དང་། ཕན་འབྲས་ཐོན་པ། གོམས་སྲོལ་དུ་འགྱུར་བ་བཅས་ཡོང་ཐུབ།

“འདུ་གནས་ཀྱི་སྤྱོད་ངན”བཅོས་སྒྲིག་དང“ལྕེ་ཐོག་གི་འཕྲོ་བརླག”མེད་པར་བཟོ་བ་ནས“གཞུང་འཁོར་གྱི་རུལ་སུངས”ནན་བཤེར་བྱེད་པའི་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཏང་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་ལ་བརྩིས་ཏེ། ནོར་འཁྲུལ་རེ་རེ་བཞིན་ཡོ་བཅོས་བྱེད་པ་དང་། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། འཇུག་སྒོ་ཆུང་ངུར་བརྟེན་ནས་འགྱུར་ལྡོག་ཆེ་མོ་ཡོང་བར་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་ལ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

དེ་དང་ཆབས་ཅིག་དེང་སྐབས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་དེ། ལས་དོན་མང་པོ་བསྒྲུབས་ཀྱང་འགའ་ཞིག་འགོ་རྩོམ་མ་ཐག་ཡིན་པས་གདིང་རྩའི་གནད་དོན་མང་པོ་ད་དུང་ཐག་གཅོད་ཐུབ་མེད། གོམས་སྲོལ་ངན་པ་ཁ་ཤས་རེ་ཞིག་བཅོས་སྒྲིག་ཐུབ་ཀྱང་གལ་སྲིད་གཟབ་ནན་མ་བྱས་ཚེ་ད་དུང་སླར་ཡང་ཐོན་ཉེན་ཡོད། “སྤྱོད་ཚུལ་བཞིའི”གནད་དོན་ཁ་ཤས་མངོན་མེད་ཐབས་སྒྱུར་བྱེད་པ་དང་། སྒྲིག་འགལ་བཟའ་བཏུང་བྱ་ཡུལ་སྤོ་བ། ཚད་བརྒལ་རྩིས་ཞུའི“ཕྱི་ཚུལ་སྒྱུར་བ” ལྐོག་རྔན་སྤྲོད་ལེན་ལ“ཕྱི་གོས་གཡོགས་པ” གཞུང་དངུལ་ཡུལ་སྐོར་གྱི་གཡོ་ཐབས་སྒྱུར་བ་སོགས་ཀྱི་གནད་དོན་ད་དུང་ཐོན་བཞིན་ཡོད། ས་ཁུལ་དང་ཚན་པ་འགའ་ཞིག་ལ“ངལ་དུབ་འདུས་ནད”ཕོག་ཏེ་ལྷོད་གཡེང་སྣང་མེད་དུ་ཕྱིན་པས། གནད་དོན་རྙིང་པ་ཐག་གཅོད་མ་ཐུབ་པར་གནད་དོན་གསར་པ་སླར་ཡང་ཐོན་བཞིན་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་ནི་ཉིན་གཅིག་ལ་སྒྲུབ་ཐུབ་པ་ཞིག་གཏན་ནས་མ་ཡིན། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ཆེན་པོ་འཕྲད་སྐབས། ང་ཚོས་ངེས་པར་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་དང་ཕུགས་ཕན་ཅན་གྱི་སྒོ་ནས་དམ་འཛིན་བྱེད་པའི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་ཀྱིས་མཐའ་འཁྱོངས་བྱེད་རིང་རྒྱུན་རྣམ་ཅན་ལ་འགྱུར་བ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་རིང་ཕུགས་ཕན་ཐོན་པར་བྱས་ཏེ། སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

རྒྱུན་རྣམ་ཅན་གྱི་སྒོ་ནས་དམ་འཛིན་བྱེད་པར་རྟག་ཏུ་དམ་འཛིན་དང་རྒྱུན་རྣམ་ཅན་ལ་འགྱུར་བར་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་དེའི་འགན་འཁུར་བ་གཙོ་བོས་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལ་རྒྱུན་དུ་དབྱེ་ཞིབ་བྱེད་པ་དང་། ས་ཁུལ་འདི་ག་དང་སྡེ་ཚན་འདི་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བར་རྒྱུན་དུ་དབྱེ་ཞིབ་བྱེད་པ། ཐོན་བཟོ་ཡོད་པའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཁོང་དུ་ཆུད་པ་བཅས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་སྤྱོད་དགོས།

ཕུགས་ཕན་ཅན་གྱི་སྒོ་ནས་དམ་འཛིན་བྱེད་པར་ཡུན་རིང་དམ་འཛིན་དང་ཕུགས་ཕན་ཅན་ལ་འགྱུར་བར་བྱེད་དགོས། གཅིག་སྡུད་སློབ་གསོ་བཅོས་སྒྲིག་ནི་དགོས་གལ་ཡོད་མོད། འོན་ཀྱང་རྩ་བའི་ཐོག་ད་དུང་ལམ་ལུགས་ལ་བརྟེན་དགོས། སྒྲིལ་སྲོལ་ལམ་སྲོལ་ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་ཐོན་པའི་ཆད་སྐྱོན་འགོག་པ་དང་། སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་བརྟན་དུ་བཏང་སྟེ། “དམ་འཛིན་བྱས་ན་ལེགས་སུ་འགྲོ་བ”དང“རྒྱ་ཡན་དུ་བཏང་ན་ལྷོད་གཡེང་ཤོར་བའི”སྐོར་ཡན་ལས་རྦད་དེ་ཐར་བར་བྱེད་དགོས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སེམས་ཤུགས་བརྟན་པོ་རྒྱུན་འཁྱོངས་དང་མགོ་ཡོད་མཇུག་ཡོད་ཐུབ་པར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས།

རྩོམ་སྒྲིག་པ། ཟླ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com