དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

发布时间:2025年02月24日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

“དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཏན་ཏན་ཏིག་ཏིག་བྱེད་པ་ནི་མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གཙོ་གནད་ཅིག་རེད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པ་ཚང་མ་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ་ལས་ཆད་ལུས་དང་འཐེན་སྐུམ་བྱེད་མི་རུང” དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་ལྷག་པར་དུ་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་སྲིད་ཇུས་དང་བྱེད་ཐབས་ནན་བཤད་གནང་སྟེ་བརྡ་རྟགས་ནུས་ལྡན་སླར་ཡང་བཏང་བ་རེད།

དུས་ཡུན་ངེས་ཅན་ཞིག་རིང་གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ་དང་བསྟུན་ནས་དམངས་གཉེར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། གསར་གཏོད་ལས་གཏོད། གདེང་ཚོད་སྔོན་དཔག་སོགས་ཀྱི་ཐད་ཅུང་ལེགས་སུ་ཕྱིན་ནས་བརྟན་པོའི་ངང་འཕེལ་བའི་རྣམ་པ་མངོན་ཡོད། “ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་བློ་བརྟན་འགྱུར་མེད་ངང་སེལ་དགོས་པ”དང“དམངས་གཉེར་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ”“དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ”“དཀའ་སེལ་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས་པ”“སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་སྔར་བས་ལེགས་པར་འཛུགས་དགོས་པ”བཅས་ཕྱོགས་ལྔ་ཡི་གཙོ་གནད་སྲིད་ཇུས་དང་བྱེད་ཐབས་དེ་དག་དམངས་གཉེར་ཁེ་ལས་ཀྱི་བསམ་འཆར་ཅུང་གཅིག་སྡུད་ཆེ་བའི་གནས་ཚུལ་དངོས་ཐག་གཅོད་བྱེད་པར་དམིགས་པ་དེ་ཐོག་ནས་གནད་དོན་གྱི་ཕྱོགས་སྟོན་དང་ཕན་འབྲས་ཀྱི་ཕྱོགས་སྟོན་གཅིག་གྱུར་མཐའ་འཁྱོངས་བྱེད་པའི་ནང་གནས་བླང་བྱ་མཚོན་པ་དེར་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།

ཁྲོམ་རར་ཞུགས་འཐུས་ནི་གཉེར་སྐྱོང་བྱེད་པོ་དཔལ་འབྱོར་བྱེད་སྒོར་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། དྲང་གཞག་འགྲན་རྩོད་ནི་ཁྲོམ་རའི་དཔལ་འབྱོར་གྱི་གཞི་རྩའི་རྩ་དོན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་བློ་བརྟན་འགྱུར་མེད་ངང་སེལ་དགོས་པའི”ནན་བཤད་གནང་བ་དེ་ནི་དམངས་གཉེར་ཁེ་ལས་ལ་དེ་བས་འདྲ་མཉམ་གྱི་འཕེལ་རྒྱས་གོ་སྐབས་བཏོད་པ་ཞིག་རེད།

“གསལ་ཐོ་གཅིག”གི་འགྱུར་ལྡོག་ནི་དམིགས་བསལ་གྱི་དཔེ་མཚོན་ཞིག་རེད། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན། འགུལ་རྣམ་བཟོ་བཅོས་ཐེངས་4བརྒྱབ་ནས་དོན་ཚན་ཁག་151ཁག་117ལ་ཁུ་བསྡུ་བྱས་པ་དང་། རྒན་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་མང་པོ་ཞིག་གི་ཞུགས་འཐུས་ཚོད་འཛིན་འབོར་ཆེན་ལྷུག་ཏུ་བཏང་བས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྒྱུ་ནོར་གསར་གཏོད་བྱེད་པར་གསོན་ཤུགས་དེ་བས་མང་བ་དང་བར་མཐོངས་དེ་བས་ཆེ་བ་ལྡན་ཡོད་པ་རེད། མིག་སྔར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་ཁྲོམ་རའི་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་དཔར་མ་གསར་པ་བཟོ་བཅོས་བརྒྱབ་ནས་བཏོན་པ་དང་། “བཀག་རྒྱ་མེད་ན་བྱེད་ཆོག་པའི”བླང་བྱ་དོན་འཁྱོལ་ཡག་པོ་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དང་རྒྱལ་ཁབ་ཀྱི་གཙོ་གནད་ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་དམངས་གཉེར་ཁེ་ལས་ལ་དྲང་གཞག་ངང་སྒོ་མོ་འབྱེད་པར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ལ། དམངས་གཉེར་ཁེ་ལས“གལ་ཆེན་གཉིས”འཛུགས་སྐྲུན་དང“གསར་གཉིས”ལས་དོན་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། སྲིད་ཇུས་ཀྱི་བླང་བྱ་དེ་དག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། མིག་སྔར་གཞི་ཚུགས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ཕུགས་ལ་དམིགས་ནས་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་བྱས་ཚེ་དམངས་གཉེར་དཔལ་འབྱོར་གྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་མཐུད་འཕེལ་ཐུབ་ངེས་རེད།

སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་སྔར་བས་འཛུགས་པར་བསྐྱར་དུ་བལྟས་ན། དེ་ནི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགན་སྲུང་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་ཕྱོགས་ཡོངས་ནས་འཛུགས་པར་ཏང་ཡོན་དང་ལས་བྱེད་པས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རང་འགུལ་ངང་དཀའ་ངལ་སེལ་དགོས་ལ་སྤྱོད་གཙང་གི་མཐའ་ཚད་ཀྱང་བརྟན་པོར་སྲུང་དགོས”ཞེས་ནན་བཤད་གནང་བ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་གི་འབྲེལ་བ་བཙུགས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ཁ་གསལ་བཟོས་ནས་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་མཛད་ཕྱོགས་ཤིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་དངོས་ལ་གཞི་ཚུགས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ། དམ་འཛིན་གནད་འཁེལ་བྱེད་པ་ལས་ཟ་རི་ཟི་རི་དང་ཀ་རེ་ཀོ་རེ་གཏན་ནས་བྱེད་མི་རུང་། སྲིད་ཇུས་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱས་ན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

རྩོམ་སྒྲིག་པ། ལྷག་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com