བསམ་སྦྱོར་གཅིག་མཐུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས།

发布时间:2024年11月29日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར་།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ལྷག་པར་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་དམིགས་ནས། ལས་འགན་གསར་པ་ཁ་གསལ་བཟོ་བ་དང་། བླང་བྱ་གསར་པ་འདོན་པ། བཀོད་སྒྲིག་གསར་པ་བྱེད་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང“མཐའ་འཁྱོངས་བཅུའི”ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“དོན་འཁྱོལ་བྱེད་པ་དང་གོང་བུ་གཅིག་ཏུ་སྒྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་རྒྱུ་དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་བཅས་ཀྱི་རང་འགན་ཐེག་པ་ཁུར་ལེན་ཞིག་ཀྱང་རེད།

ལོ་65ཡི་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་དང་བསམ་སྦྱོར་གཅིག་མཐུན་གྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་། དམངས་གཙོ་བཅོས་སྒྱུར། རང་སྐྱོང་ལྗོངས་བཙུགས་པ། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་འཛུགས་སྐྲུན་སོགས་ལོ་རྒྱུས་དུས་སྐབས་ཁག་གི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། བོད་ལྗོངས་འདི་ཉིད་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོའི་ནང་ནུས་པ་གལ་ཆེན་བཏོན་ཡོད། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ནུས་ལྡན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ནས། ཏང་གི་འགོ་ཁྲིད་དེ་བས་སྲ་བརྟན་དང་། སྲིད་དོན་ཇུས་འབུལ་ལ་དེ་བས་བྱས་རྗེས་ཡོད་པ། དམངས་གཙོ་ལྟ་སྐུལ་གྱི་འགན་འཁྲི་དེ་བས་མངོན་གསལ་དོད་པ། ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱི་ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་འཁུར་སེམས་མངོན་པར་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལོ་65ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུས་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། མི་དམངས་སྲིད་གྲོས་ཀྱིས་བསགས་པའི་རྩ་ཆེའི་ཉམས་མྱོང་། གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག མི་དམངས་སྲིད་གྲོས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད།

གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་ལྗོངས་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་བེད་སྤྱོད་ཡག་པོ་དང་འདོན་སྤེལ་ཡག་པོ་བྱས་ནས། མང་ཚོགས་ཀྱི་བློ་སེམས་གཅིག་ཏུ་སྒྲིལ་བ་དང་། མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུར་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་སྲིད་གྲོས་ཀྱི་ལས་དོན་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱི་འཐུས་ཚབ་རང་བཞིན་ཆེ་བ་དང་། ལས་རིགས་ཁག་ལ་བསྟུན་མཁས་བྱེད་པ། འབྲེལ་གཏུག་བྱེད་རྒྱ་ཆེ་བ། ཕུལ་བྱུང་ལྷན་འཛོམས་བཅས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་རང་འགན་གཙང་སྒྲུབ་བྱེད་པ། “དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཐད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱེད་དགོས།

གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར་ངར་སེམས་ཆེར་སྐྱེད་དང་འབད་བརྩོན་ལྷོད་མེད་བྱས་ཚེ་གཞི་ནས་ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ཀྱིས་དཀྲིས་པའི་རེ་བ་ཆུད་ཟོས་སུ་འགྲོ་མི་སྲིད། དུས་བབ་གསར་པ་དང་ལས་འགན་གསར་པས་སྲིད་གྲོས་ཀྱི་ནུས་པ་འདོན་པར་གར་སྟེགས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་ཡང་བཏོན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་། དམངས་གཙོ་ཁྲིམས་སྐྱོང་གི་བླང་བྱ་གསར་པ། ཏང་དང་མི་དམངས་ཀྱི་རེ་སྒུག་གསར་པ་བཅས་དང་རང་འགུལ་ངང་འཚམ་པར་བྱེད་པར། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་པ་དང་། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བ། སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་གྲོས་ལས་དོན་ཚན་རིག་ཅན་གྱི་ཆུ་ཚད་དང་གྲོས་མོལ་སྲིད་གླེང་གི་སྤུས་འབྲས་དང་ལྟ་སྐུལ་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་སེམས་དང་། ངོས་འཛིན་གཅིག་མཐུན། བློ་གྲོས། སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ། བསོད་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com