སྲིད་ཇུས་ཀྱི“དུས་ཚད་ནུས་གསུམ”ཁོང་དུ་ཆུད་པར་བྱས་ནས“གསར་པ”དང“ཏན་ཏིག”མངོན་པ་བྱ་རྒྱུ་ནི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་9ཡི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།
བྱེད་ཐབས“གསར་པའི”ཐད་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་འགུལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱས་ནས་ཁེ་ལས་ཀྱི་སྔོན་ལ་བསམ་བློ་གཏོང་ཐུབ་པ་བྱེད་དགོས། ཁོངས་བརྒལ་གློག་ཚོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་། ཕྱི་རྒྱལ་གྱི་རིག་ལྡན་ཟོག་འགྲེམས་ལས་སྟེགས་བསྐྲུན་པར་མུ་མཐུད་སྐུལ་འདེད་བཏང་ནས་ཁོངས་བརྒལ་གློག་ཚོང་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པར་དམིགས་པ། ཕྱི་རྒྱལ་གྱི་ཁྲིམས་དོན་དང་ཁྲལ་དོན་ཐོན་ཁུངས་དང་འབྲེལ་མཐུད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ཀྱི་ལས་སྒོ་འཕེལ་རྒྱས་དེ་བས་བདེ་བླག་ཡོང་བར་བྱེད་དགོས། ཁེ་ལས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་སྲིད་ཇུས་དང་བྱེད་ཐབས་དུས་བབ་དང་ཁེ་ལས་གསར་འབྱེད་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་དགོས།
བྱེད་ཐབས“ཏན་ཏིག”ཐད་ཁེ་ལས་གཉེར་སྐྱོང་གནས་ཚུལ་ལ་རྗེས་སྙེག་དང་བརྟག་ཞིབ་ཟབ་མོ་བྱས་ནས་ཁེ་ལས་བློ་ལ་བཅངས་ཐུབ་པ་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཀྱི་མ་དངུལ་འདུ་འཁོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་བཏང་ཞིང་། ཆེད་ཞིབ་ཁྱད་གསར་བཞི་ཡི“གྱད་མི་ཆུང་ངུ”དང“མངོན་མེད་ཨང་དང་པོའི”ཁེ་ལས་ལ་འགན་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ལག་རྩལ་བརྩོན་ཞིབ་ཐུབ་པ་བྱེད་དགོས། ཚོང་དོན་མི་སྣ་རྒྱལ་སྒྲོལ་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ཏེ་མི་སྣ་འགྲོ་འོང་གི་འགོག་རྐྱེན་ཉུང་དུ་ཕྱིན་ཡོད། ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། བྱ་ཐབས་གནད་འཁེལ་དང་གནད་སྨིན་ཡོང་བ་བྱས་ཏེ་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡག་པོ་རྒྱག་དགོས་།
ཁེ་ལས་ཀྱི“སྙིང་ཉེ་བ”ཞིག་ཡག་པོ་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་དང་དཔུང་པ་མཉམ་གཤིབ་དང་གཅིག་སེམས་གཅིག་སྦྲེལ་གྱིས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཡོད། གསོག་འབོར་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་པར་བྱེད་པ་དང་། འཕར་ཚད་སྲིད་ཇུས་དོན་འཁྱོལ་ནུས་ལྡན་ཐུབ་པ། སྲིད་ཇུས་སྡེབ་སྒྲིག་གི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་པ་དང་ཆབས་ཅིག ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མངགས་ཐོ་དེ་བས་བརྟན་པོ་དང་ཁྲོམ་ར་རྒྱ་ཆེར་འགྲོ་བ་བཅས་བྱས་ཏེ་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
རྩོམ་སྒྲིག་པ། སྐར་མ་སྒྲོལ་མ།
中央部门网站
自治区部门网站
地(市)委部门网站
相关新闻网站