“ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱེད་པ་དེ་ནི་སྒྱུར་བཅོས་ལ་སྐུལ་འདེད་བདེ་བླག་གཏོང་བའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་པའི་ཐད་བླང་བྱ་ཁ་གསལ་བཏོན་ནས“སྒྱུར་བཅོས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
ངོས་འཛིན་གཅིག་མཐུན་ནི་འབད་འབུངས་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཡིན། ངོས་འཛིན་གཅིག་མཐུན་བྱུང་ན་མཐུན་སྒྲིལ་ལྡན་པ་དང་ངོས་འཛིན་གཅིག་མཐུན་བྱུང་ན་སྟོབས་ཤུགས་ལྡན་ཐུབ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྣམ་པ་བརྗིད་ཉམས་ཆེ་ལ་ཟིལ་རླབས་དགུང་དུ་འཕྱུར་བ་དང་སྒྱུར་བཅོས་དེ་ཁག་གཅིག་འཚོལ་ཞིབ་དང་དཀའ་གནད་ལས་སྒྲོལ་བ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བའི་བར་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ནས་ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིར་ན་བཙུགས་པ་དང་ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་། བརྒྱུད་རིམ་རང་བཞིན་བསྐྱར་སྒྲིག སྤྱི་ཡོངས་རང་བཞིན་གྱི་བསྐྱར་འཛུགས་བཅས་མངོན་འགྱུར་བྱུང་ནས་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་ཡོད། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་སྒྱུར་བཅོས་ཀྱི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱ་རྒྱུ་དེ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཇུས་འགོད་བྱས་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་དེ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དེ་རྒྱ་ཆེ་དང་གཏིང་ཟབ་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་རེད། ང་ཚོས་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཡང་དག་ལེན་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པར་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་གཞིག་ལ་གོ་བ་ཡང་དག་ལེན་པ་དང་སྒྱུར་བཅོས་བྱེད་ཐབས་ཁག་གི་དངོས་ཡོད་ཀྱི་དོན་སྙིང་དང་དམིགས་ཚད་ཀྱི་སྟོན་ཕྱོགས་ལ་གོ་བ་ཡང་དག་བླངས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྒྱུར་བཅོས་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
ཀྲུང་གོ་ལྟ་བུའི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཀྱིས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་མིན། དོན་དངོས་ནས་བལྟས་ཚེ། སྔར་ན་མེད་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྒྲིག་གཞི་དང་། འགན་འཁྲི། མི་སྣ་སོགས་བླང་བྱ་གཞིར་བཟུང་དུས་ཐོག་ཏུ་ལེགས་སྒྲིག་གནད་འཁེལ་འགན་ལེན་བྱེད་པའམ་ཡང་ན་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་བཏོད་དེ་རྣམ་པ་སྣ་ཚོགས་ཀྱི་ས་གནས་སྲུང་སྐྱོང་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་ཁྲོམ་རའི་མཁར་རྫོང་མེད་པར་བཟོ་བ་སོགས་ཚང་མར་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ལམ་སྲུང་བ་བཅས་བྱས་ཏེ་རང་རྟོགས་ངང་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་སྤྱི་ཡོངས་འོག་བྱ་སྤྱོད་སྤེལ་ཚེ། གཞི་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཐུབ།
ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་བརྗིད་ཆེའི་ཤོག་དྲིལ་རི་མོ་ཞིག་དང་འདྲ་བར་མདུན་ལྗོངས་འོད་སྟོང་རབ་ཏུ་འཕྲོ་བ་ཞིག་ཡོད། དེ་དང་ཆབས་ཅིག་མདུན་སྐྱོད་ཀྱི་ལམ་བུ་ནི་བདེ་ལམ་ཞིག་མིན་པས་དེར་དཀའ་ཚེགས་དང་ཉེན་ཁ་འཕྲད་ངེས་རེད། རླུང་རླབས་དྲག་པོའི་ཚོད་བགམ་ཆེན་པོ་ཡང་འཕྲད་ངེས་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་དང་། བློ་ཁ་གཅིག་ཏུ་ཕྱོགས་པ་དང་སེམས་ནུས་གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཚེ། ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站