བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། དེ་གར་ཡོད་པའི་མི་རྣམས་ཁྲོན་པ་གཅིག་ནས་ཆུ་འཐུང་བ་དང་། ཁྱིམ་ཚང་གཅིག་ལྟར་དགའ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་ཡོད།
འཁྲུག་ཆ་དོད་པའི་ཁྲོམ་གཞུང་བརྒྱུད་ནས་བར་སྐོར་ནང་གི་སྒོ་ར་ཆེན་པོ་ཞིག་ཏུ་སླེབས་སྐབས། དེ་གར“ཞོགས་ཇ་མངར་མོའི་གྲོས་ཚོགས”འཚོག་བཞིན་འདུག རབ་གསལ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ཟླ་བས་ཚོགས་འདུ་འཚོགས་ཤིང་། སྡེ་ཁུལ་གྱི་གྲོང་མིའི་འཐུས་མིས“གློག་སྐུད་འཛིང་ཆེ་བ”དང་གློག་གསོག་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས་སྡེ་ཁུལ་དུ་གློག་གསོག་སྒམ་བསྒར་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་། སྒྲོག་ཙེ་གཅིག་དང་རྐུབ་སྟེགས་ཆུང་ངུ་འགའ་བཙུགས་ནས་ཚང་མས་ཚ་ཚ་འུར་འུར་ངང་གྲོས་བསྡུར་བྱེད་བཞིན་ཡོད།
སྐལ་བཟང་ཟླ་བས་གསར་འགོད་པར་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས“ཇ་མངར་མོ་མཉམ་དུ་བཏུང་ནས་དོན་དག་གཅིག་ལ་མཉམ་དུ་གྲོས་བསྡུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཞོགས་ཇ་མངར་མོའི་གྲོས་ཚོགས”ཀྱི་རྣམ་པ་བཏོད་དེ“མང་ཚོགས་ཀྱིས་བཤད་པའི་སྐད་ཆར་ཉན་པ་དང་། མང་ཚོགས་གྲོས་བསྡུར་བྱེད་དུ་འཇུག་པ། མང་ཚོགས་ལ་གནས་ཚུལ་ཤོད་པ། མང་ཚོགས་གདན་དྲངས་ནས་དཔྱད་བརྗོད་བྱེད་པ”བཅས་བརྒྱུད། “དོན་དག་ཡོད་ན་གྲོས་མོལ་བྱེད་བདེ་བ་དང་། དོན་དག་འཕྲད་སྐབས་གྲོས་མོལ་བྱེད་པ། དོན་དག་སྒྲུབ་སྐབས་གྲོས་མོལ་མང་ཙམ་བྱེད་པ”བཅས་ཀྱི་གཞུང་དོན་ལ་གྲོས་མོལ་བྱེད་པའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་ཅེས་བརྗོད།
“སྒོ་ར་ཆེན་པོ་དེར་དུད་ཚང་53དང་གྲོང་མི་104ཡོད་པའི་ནང་། བོད་རིགས་52དང་། རྒྱ་རིགས་50 ཧུད་རིགས་2བཅས་ཡོད”ཅེས་སྐལ་བཟང་ཟླ་བས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“‘ཞོགས་ཇའི་གྲོས་ཚོགས’འདི་ལྟ་བུ་ང་ཚོས་གཟའ་འཁོར་རེར་སྒྲིག་འཛུགས་ཐེངས་གསུམ་བཞི་ཙམ་བྱེད་ཀྱི་ཡོད་ལ། སྡེ་ཁུལ་གྱི་དོན་དག་ལ་ཚང་མས་མཉམ་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བརྗོད།
བསྟན་རྒྱས་གླིང་སྡེ་ཁུལ་དུའང“ཞོགས་ཇའི་གྲོས་ཚོགས་ཁང”ཞིག་ཡོད། སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་སྔོན་ཆད་གྲོང་མི་མང་ཚོགས་ཀྱིས་རེ་ཞུ་བྱེད་སྐབས“སྒོ་ར་གང་ཞིག་གི་ནང”འཛུལ་དགོས་མིན་དང་། “མི་སུ་ཞིག”འཚོལ་དགོས་མིན། “སྐད་ཆ་གང་ཞིག”ཤོད་དགོས་མིན་སོགས་ཀྱི་གནད་དོན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “ཞོགས་ཇ་མངར་མོའི་གྲོས་ཚོགས”བཙུགས་རྗེས་གྲོང་མི་ཚོ་མཉམ་དུ་འཛོམས་ནས་ཇ་འཐུང་བ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་བརྗོད།
སྒོ་རའི་སྤྱི་པའི་གསང་སྤྱོད་ཀྱི་ཆུ་སྦུག་གས་པ་དང་། ཆུ་གཞོང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། དཀར་གཅལ་ཆག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཅིང་། སྡེ་ཁུལ་གྱི་ལས་དོན་པར་གོང་ཞུ་འབྱོར་མ་ཐག་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ནས་ཐག་གཅོད་བྱེད་པ་དང་། ཁང་པའི་ཐོག་ནས་ཐིགས་པ་རྒྱག་པ་དང་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་སྐབས་སྡེ་ཁུལ་གྱི་ལས་དོན་པས་འཕྲལ་དུ་ཐག་གཅོད་བྱེད་པར་བསྐྱོད་པ་དང་འབྲེལ། ཉེ་འཁོར་གྱི་གྲོང་མིའི་ཐོག་ཁང་དུ་སྡོད་མཁན་ཚོར་མཐིལ་རྟོགས་གྲལ་བཤེར་ཡང་བྱས་ཏེ་ཉམས་གསོའི་ཇུས་གཞི་བཟོ་ཡི་ཡོད་པ་སོགས་རེད།
བསྟན་རྒྱས་གླིང་སྡེ་ཁུལ་དུ་དྲ་མིག་ལས་དོན་པ་10ཡོད་པ་དང་དུད་ཚང་དུ་འདྲི་རྩད་བྱེད་པར་བསྐྱོད་རྒྱུ་ནི་ཁོང་ཚོས་ཉིན་ལྟར་ངེས་པར་དུ་སྒྲུབ་དགོས་པའི་ལས་དོན་ཞིག་རེད། ལྷགས་པ་རྒྱག་པ་དང་ཆར་པ་བབས་པ། ཡང་ན་ཉི་མ་ཚ་པོ་བསྟན་པ་སོགས་གནམ་གཤིས་གང་འདྲ་ཡིན་རུང་། སྟོད་གོས་དམར་པོ་གྱོན་པའི་དྲ་མིག་དོ་དམ་པ་ཚོས་ཉིན་ལྟར་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་དེ་མང་ཚོགས་ལ་དྲོ་སྐྱིད་དང་གཅེས་སེམས་སྦྱིན་གྱི་ཡོད། “ཞོགས་ཇ་མངར་མོའི་གྲོས་ཚོགས”དེ་ཡང་སྡེ་ཁུལ་དང་མི་རིགས་ཁག་གི་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པར”གྱུར་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
གྲོང་མི་ཏུང་ཀུའེ་ཧྭ་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། “དེ་སྔ་ང་ཚོའི་སྒོ་རའི་སྤྱི་པའི་གསང་སྤྱོད་ནང་གི་དཀར་གཅལ་ཆག་པ་དང་ཆུ་སྦུག་ནས་ཆུ་འཛག་གི་ཡོད། ད་ཆ་ཚང་མ་ཉམས་བཟོ་བྱས་འདུག”ཅེས་ཏུང་ཀུའེ་ཧྭ་ཡིས་བརྗོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྡེ་ཁུལ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་འཐབ་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཁྱད་ལྡན་མི་རིགས་ལས་དོན་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ”ཟུང་དུ་འབྲེལ་བའི་རྣམ་པ་མཐའ་འཁྱོངས་ཀྱིས་དྲ་མིག་ཏང་ཀྲི་པུའི་ནུས་པ་གང་ལེགས་བཏོན་ནས། ཀྲི་པུའི་ཧྲུའུ་ཅི་དང་། ལས་ཐོག་ཏང་ཡོན། དྲ་མིག་ལས་དོན་པ་སོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པ་དང་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་བརྒྱུད། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་བྱེད་སྒོར་ཞུགས་པའི་ཧུར་སེམས་སྐོང་འཐེན་བྱེད་པ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད། ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“སྤྱི་སྐད་ཤོད་པ་དང་ཚད་ལྡན་རྒྱ་ཡིག་འབྲི་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། སྡེ་ཁུལ་འདི་ཉིད་མི་རིགས་ཁག་གི་མང་ཚོགས་ཚོ་ལྟ་རེས་སྐྱོང་རེས་བྱེད་སའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གཏོད་རོགས་བྱས་པ་དང་ཆབས་ཅིག སྡེ་ཁུལ་ཁག་དང་དྲ་མིག་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)དང་། ཇ་ཁང་དང་དེབ་ཁང་། ཏང་ཡོན་དང་མང་ཚོགས་ཀྱི་Vས་ཚིགས་སོགས་དྲིལ་བསྒྲགས་བྱ་ཡུལ་དུ་བྱས་ནས། ཉིན་རེར“སྐར་མ་བཅུའི་ཏང་གི་སློབ་ཚན”སྤྱད་དེ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་ལོ་རྒྱུས་བཤད་དེ་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་པ་དང་དང་བླངས་ཞབས་ཞུའི་ལས་དོན་སྤེལ་གྱི་ཡོད། “དྲིན་ཚོར་འབད་འབུངས་ཀྱིས་ཁྱིམ་སྲོལ་མངོན་པའི”བྱེད་སྒོ་དུས་ངེས་མེད་ངང་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་གྲོང་མིས་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་གླེང་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་སེམས་པ་ཟབ་ཏུ་བཏང་སྟེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གསུང་སྒྲ་ཡག་པོ་བརྒྱུད་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། བསོད་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站