དྲ་རྒྱའི་དྲང་བདེན་འགན་འཁྲི་ཆེ་རུ་བཏང་ནས་ཀྲུང་གོའི་དྲ་དམངས་བཟང་པོ་ཞིག་བྱེད་རྒྱུར་བརྩོན་ལེན་བྱེད་དགོས།

发布时间:2024年11月05日 文章来源: 文章作者:པ་སངས་སྒྲོལ་དཀར།

དྲང་བདེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་ཞིག་རེད་ལ། དེ་བས་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ཆ་འཕྲིན་ལག་རྩལ་དང་དྲ་རྒྱའི་རྟོག་བཟོའི་ལག་རྩལ་དེ་བས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་ལས་དྲ་འཕྲིན་ལས་སྟེགས་ཀྱི་མཉམ་འགུལ་རང་བཞིན་ཆེ་བ་དང་། སྤྱོད་མཁན་མང་བ། ཆ་འཕྲིན་གྱི་ཡོང་ཁུངས་རྒྱ་ཆེ་བ། ཁྱབ་སྤེལ་མྱུར་ཚད་མགྱོགས་པ། ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ཀྱིས་དྲ་སྦྲེལ་ཁྱབ་ཁོངས་ནང་གི་དྲ་རྒྱའི་དྲང་བདེན་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རེད།

དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྤྱི་ཚོགས་ཡོངས་ཀྱི་མང་ཚོགས་ཞུགས་དགོས།  ཁྲིམས་ལྟར་དྲ་གཉེར་དང་། དྲང་བདེན་གྱིས་དྲ་སྤྱོད་བྱེད་པའི་དྲ་རྒྱའི་ཁོར་ཡུག་བཟང་པོ་བསྐྲུན་པར་སྤྱི་ཚོགས་ཡོངས་ཀྱི་དྲ་དམངས་དང་ཁ་བྲལ་ཐབས་མེད།  སྲིད་གཞུང་གི་དྲ་འཕྲིན་ཚན་པས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་དོ་ཁུར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་ལ་ཁྲིད་སྟོན་དང་ལྷག་པར་དུ་དྲ་རྒྱའི་ཁྲོད་ཤུགས་རྐྱེན་ཆེ་བའི་དྲ་དམངས་མང་ཚོགས་རྣམས་དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་ལས་ཀའི་ནང་དུ་ཧུར་ཐག་ཞུགས་སུ་བཅུག་སྟེ། རྒྱ་ཆེའི་དྲ་དམངས་རྣམས“ཀྲུང་གོའི་དྲ་དམངས་བཟང་པོ་བྱེད་རྒྱུར་བརྩོན་ལེན” བྱེད་པར་འབོད་སྐུལ་བྱེད་པ་དང་། དྲང་བདེན་གྱིས་དྲ་རྒྱ་སྤྱོད་པའི་འདུ་ཤེས་བརྟན་པོ་ཟམ་མི་ཆད་པར་འཛུགས་པ། རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། ཚུལ་ལྡན་གྱིས་དྲ་བར་ཞུགས་པ་དང་དྲང་བདེན་གྱིས་དྲ་རྒྱ་སྤྱོད་པ། ཚུལ་མིན་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་མི་བྱེད་པ།  ཁྲིམས་འགལ་གྱི་ཆ་འཕྲིན་བརྒྱུད་སྐུར་མི་བྱེད་པ། རང་རྟོགས་ཀྱིས་དྲ་རྒྱའི་དཀྲོག་གཏམ་དང་དྲ་བའི་ཉེས་གསོག་བཀག་འགོག་བྱེད་པ།  དུས་ཐོག་ཏུ་ཁྲིམས་ལྟར་དྲ་ཐོག་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བཅས་བྱེད་དགོས།  སྤྱིི་ཚོགས་ཡོངས་ཀྱིས་དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་ཁྲོད་རྒྱ་ཁྱབ་ངང་ཞུགས་ཚེ། རང་རྟོགས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་དང་། དྲང་བདེན་འགན་འཁྲིར་ཤུགས་སྣོན་རྒྱག་པ། ཆ་འཕྲིན་རྫུན་མ་བཀག་འགོག  ཚུལ་ལྡན་གྱིས་དྲ་བར་ཞུགས་པ་དང་དྲང་བདེན་གྱིས་དྲ་རྒྱ་སྤྱོད་པ་བཅས་བྱས་ན་གཞི་ནས་ཤེས་དཔལ་དྲང་བདེན་གྱི་དྲ་རྒྱའི་བར་མཐོངས་བསྐྲུན་རྒྱུ་དོན་དངོས་སུ་འགྱུར་ཐུབ།

དྲ་རྒྱའི་དྲང་བདེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར“ འགག་རྩ” དམ་འཛིན་བྱེད་དགོས། མིག་སྔར་དྲ་རྒྱའི་ཐོག་གང་སར་སྔར་བཞིན་ཁྲིམས་འགལ་གྱི་ལས་སྟེགས་དང་། ཁྲིམས་འགལ་ཆ་འཕྲིན། ཁ་བསླུས་ཆ་འཕྲིན་སོགས་ཀྱིས་ཁེངས་ཡོད་པ་ངོས་འཛིན་གསལ་པོ་དགོས། ཁྲིམས་འགལ་བ་མི་ཉུང་བ་ཞིག་གིས་སྔར་བཞིན་དྲ་རྒྱའི་དོ་དམ་གྱི་ན་ཆ་སྣ་ཚོགས་ལ་བརྟེན་ནས་ཁྲིམས་འགལ་གྱི་བྱ་ངན་སྤྱོད་ངན་མང་པོ་བྱེད་པ་དང་། དྲ་དམངས་འགས་དྲ་རྒྱའི་རྟོག་བཟོའི་རང་བཞིན་གྱི་ཁྱད་ཆོས་ལ་བརྟེན་ནས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་སྣ་ཚོགས་བཟོས་ཡོད། དེར་བརྟེན་ང་ཚོས་མིག་སྔར་དྲ་སྦྲེལ་ལ་གནས་པའི་གནད་དོན་གྱི་ཚབས་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་ཅིང་།  གནད་དོན་གྱི་འབྱུང་གཞི་འཚོལ་ཞིབ་ཟབ་མོ་བྱེད་པ།  གནད་དོན་འབྱུང་རྐྱེན་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱེད་པ་དང་། དུས་མཚུངས་སུ་དྲ་སྦྲེལ་ཐེ་ཞུགས་བྱེད་པོ་དང་ལྷག་པར་དུ་དྲ་སྦྲེལ་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དྲ་སྦྲེལ་ཐེ་ཞུགས་བྱེད་པོའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ དྲ་རྒྱའི་དྲང་བདེན་མ་ལག་འཛུགས་པའི” ལས་དོན་ལ་དམ་འཛིན་གྱིས། དྲ་སྦྲེལ་ཁེ་ལས་ཀྱི་གཙོ་གནད་འགན་འཁྲི་ཤུགས་ཆེར་གཏོང་བ་དང་། དྲ་རྒྱའི་དྲང་བདེན་དང་བྲལ་བའི་བྱ་སྤྱོད་ལ་ཆད་གཅོད་ཀྱི་ལམ་སྲོལ་ཟབ་སྤེལ་བྱེད་པ། དྲ་རྒྱའི་དྲང་བདེན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

ཁ་རྒྱུན་དུ“ མི་ལ་དྲང་བདེན་མེད་ན་ཚུགས་མི་ཐུབ། རྒྱལ་ཁབ་ལ་དྲང་བདེན་མེད་ན་མངའ་ཐང་རྒྱས་མི་སྲིད” ཅེས་པ་ལྟར་དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་འདིར། ང་ཚོས་དྲང་བདེན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་དྲང་བདེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། ཚུལ་ལྡན་གྱིས་དྲ་བར་ཞུགས་པ་དང་དྲང་བདེན་གྱིས་དྲ་རྒྱ་སྤྱོད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་དང་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཀྱི་ཚད་གཞི་དང་བསམ་བློའི་རང་རྟོགས་སུ་འགྱུར་བར་སྐུལ་འདེད་བྱེད་པ་བཅས་ཐུན་མོང་ཐོག་ཤེས་དཔལ་དང་དྲང་བདེན་གྱི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས།

微信

抖音

邮箱

邮箱地址:xzwxbjb@sina.com