དམངས་འཚོ་ལེགས་བཅོས་བཏང་ནས་དམངས་ཀྱི་བདེ་སྐྱིད་ཚད་གཞི་གོང་མཐོར་གཏོང་།

发布时间:2024年11月05日 文章来源: 文章作者:མཆོག་སྐྱིད།

དམངས་འཚོར་དོ་འཁུར་བྱས་ན་དམངས་སེམས་ཐོབ། དམངས་སེམས་ཐོབ་ན་གནམ་འོག་དེ་ལ་དབང་། “དམངས་འཚོ”ཞེས་པ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་གནད་དོན་སྟེ། མི་དམངས་མང་ཚོགས་ཀྱིས་ཆེས་དོ་འཁུར་ཆེ་ཤོས་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན། དཔེར་ན། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་བཅོལ། བརྟན་ལྷིང་ལ་སོགས་པ། གནད་དོན་དེ་དག་མི་དམངས་མང་ཚོགས་ཀྱི་གཞི་རྩའི་དགོས་འཁོ་དང་འབྲེལ་བ་མ་ཟད། དེ་བས་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་འཁུར་འོག      བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ལེན་དང་དམངས་འཚོ་ལེགས་བཅོས་ལས་དོན་ཡོད་ཚད་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་གྱུར་བར་རྒྱུན་འཁྱོངས་དང་། མུ་མཐུད་དམངས་ལ་དགའ་ཞིང་དམངས་ལ་ཕན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ནས། 70%ཡན་གྱི་མ་དངུལ་དམངས་འཚོའི་ཐོག་བཏང་ནས། མུ་མཐུད་དམངས་འཚོའི“དོན་དངོས་བཅུ”ལེགས་པོ་འགྲུབ་དགོས་པ་དང་། འགན་ལེན་དང་དམངས་འཚོ་ལེགས་བཅོས་ཐད་ཤུགས་སྣོན་རྒྱུན་འཁྱོངས་བྱས་ནས་བདེ་སྐྱིད་ཀྱི་ཉི་མ་མང་ཚོགས་ཡོངས་ལ་ཁྱབ་པ་བྱེད་དགོས།

འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ནི་མཉམ་སྐྲུན་མཉམ་སྤྱོད་ཁྲོད་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་ཐོབ་པའི་ཚོར་བ་གོང་མཐོར་གཏོང་རྒྱུ་དང་དམངས་ཀྱི་བདེ་སྐྱིད་ཚད་གཞི་གོང་མཐོར་གཏོང་རྒྱུ་དེ་ཡིན། དེར་བརྟེན། དམངས་འཚོར་དོ་འཁུར་བྱེད་པར་དོན་དག་ཆུང་ངུ་ནས་འགོ་འཛུགས་དགོས། མི་རིགས་ཁག་གི་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི“དོན་ཆུང་”ནས་འགོ་འཛུགས་དགོས། ང་ཚོས་མུ་མཐུད་འགན་ལེན་དང་དམངས་འཚོ་ལེགས་བཅོས་དེ་འབུར་དུ་ཐོན་པའི་གནས་ཞིག་ཏུ་འཇོག་དགོས་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཨང་དང་པོར་འཇོག་དགོས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་འཚོ་བ་དང་ཐོན་སྐྱེད། ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། འགན་ལེན་དང་དམངས་འཚོ་ལེགས་བཅོས་ཀྱི་རྣམ་གྲངས་ལས་ཀ་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་མི་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལེགས་འགྲུབ་ཡོང་བ་བྱེད་དགོས་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ཐད་འབད་པ་ལྷོད་མེད་དང་ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་དམངས་འཚོའི་ལས་དོན་ལེགས་འགྲུབ་ཡོང་བར་ནུས་ཤུགས་འདོན་སྤེལ་བྱེད་དགོས། 


微信

抖音

邮箱

邮箱地址:xzwxbjb@sina.com