ཁྲིམས་སྐྱོང་ཁྲོད་དུ་“དྲ་བ་”ལུས་མི་ཉན།

发布时间:2024年11月05日 文章来源: 文章作者:མཆོག་སྐྱིད།

དུས་རབས་21གི་ཀྲུང་གོ་ནི་“མཉམ་སྦྲེལ་དྲ་རྒྱ་”གཙོ་ཁྲིད་བྱས་པའི་དུས་རབས་ཞིག་ཡིན།  མཉམ་སྦྲེལ་དྲ་རྒྱས་མི་རྣམས་ཀྱི་འཚོ་བར་ངོ་མཚར་དང་སྟབས་བདེ་དུ་མ་བསྐྲུན་ཡོད།  དགེ་སྐྱོན་གཉིས་དང་ལྡན་པ་ནི་དྲ་བའི་ཁྱད་ཆོས་ཞིག་ཡིན། མཉམ་སྦྲེལ་དྲ་རྒྱ་དུས་རབས་ཀྱི་ཐོན་དངོས་གསར་པ་ཞིག་ཡིན་པའི་ངོས་ནས། མ་གཞི་ང་ཚོར་སྟབས་བདེ་དུ་མ་ཞིག་བསྐྲུན་ཡོད། འོན་ཀྱང་དེའི་སྟབས་བདེའི་རང་བཞིན་དང་མིང་དངོས་མ་ཡིན་པའི་ར་སྤྲོད་རང་བཞིན། རྒྱ་ཆེའི་ཁྱབ་སྤེལ་རང་བཞིན་སོགས་ཐུན་མོང་གི་རང་བཞིན་དག་གིས་ཁྲིམས་འགལ་མི་སྣར་གོ་སྐབས་བསྐྲུན་པས། དྲ་ཐོག་གི་ཁྲིམས་འགལ་དེ་ལྟར་ཐོན་གྱི་ཡོད་པ་རེད།

“པ་ལགས་དང་ཨ་མ་ལགས། ང་སྨན་ཁང་དུ་བསྡད་ཡོད།  མགྱོགས་པོ་དངུལ་ཁང་གི་བྱང་བུ་འདིའི་སྟེང་དངུལ་བསྐུར་རོགས།”ཞེས་པའི་གཏམ་དེ་དུས་སྐབས་ཞིག་ལ་རྒྱ་ཁྱབ་ཆེ་བའི་ཁ་བསླུས་རྒྱག་པའི་ཐབས་ཤེས་ཞིག་ཡིན། དེར་དེ་ལྟ་བུའི་ལག་རྩལ་ཞིག་ཐོན་མེད་ཀྱང་། མི་དུ་མ་འགོ་སྐོར་ཐེབས་ཀྱི་ཡོད། འཚམས་རེ་དྲ་གནས་ཞིག་ཏུ་འཛུལ་བ་དང་རང་ཉིད་ཀྱི་བྱང་བུའི་སྟེང་གི་དངུལ་ཚང་མ་བརླག་འགྲོ་གི་ཡོད།  དེ་ནི་ངོ་མ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད།  ང་ཚོའི་འཚོ་བ་དང་འབྲེལ་བའི་དཔེ་དོན་དེ་དག་ལས་ཁ་བསླུའུ་གནད་དོན་གྱི་ཚབས་ཆེའི་རང་བཞིན་རྟོགས་ཐུབ་ཀྱི་ཡོད།

དགེ་སྤེལ་སྐྱོན་སྤངས་ནི་དྲ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཞིག་ཡིན།  དྲ་བའི་གློག་འཕྲིན་ཁྲིམས་འགལ་གྱི་བྱེད་ཐབས་ནི་མཉམ་སྦྲེལ་དྲ་རྒྱ་བེད་སྤྱད་ནས་ཁྲིམས་ལུགས་ཀྱི་དྲྭ་བའི་སྲུབ་ཁ་ནས་འཛུལ་ཏེ་སྤྱི་ཚོགས་དང་མི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་གི་ཡོད། དེར་བརྟེན་ང་ཚོས་སྲུབ་ཁ་དེ་དག་མེད་པར་བཟོས་ནས། ཁོང་ཚོའི་ཁྲིམས་འགལ་གྱི་ལམ་བུ་འགོག་དགོས།  ཁྲིམས་སྐྱོང་ཁྲོད་ནས་“དྲ་བ་”མི་ལུས་པ་བྱེད་པ་དང་། དུས་མཚུངས་དྲ་བའི་ཁ་བསླུས་ཀྱི་མདོང་རེས་ང་མ་མི་དམངས་ཀྱིས་མཐོང་ཐུབ་པ་བྱེད་དགོས། 


微信

抖音

邮箱

邮箱地址:xzwxbjb@sina.com