ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཧུར་ཐག་བསྐྱོད་དགོས།

发布时间:2024年11月02日 文章来源: 文章作者:ཡེ་ཤེས་ཚེ་བརྟན།

   ཐོག་མའི་བསམ་འདུན་ནི་གང་ཡིན་ཞེ་ན། དེ་ནི་མཛེས་སྡུག་ལྡན་པའི་རེ་བ་དང་། བླ་ན་མེད་པའི་ཕུགས་བསམ། མདུན་སྐྱོད་ཀྱི་སྒུལ་ཤུགས་བཅས་ཡིན་ལ། དེ་ནི་ང་ཚོས་འབད་བརྩོན་བྱེད་པར་འདེགས་སྐྱོར་བྱེད་པའི་གཙོ་བོའི་སྟོབས་ཤུགས་ཤིག་ཀྱང་ཡིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་རེད་ཞེས་འཁོད་པའི་སྐད་ཆ་ཐུང་ཐུང་དེའི་རྒྱབ་ཏུ་ནང་དོན་ཟབ་མོ་ལྡན་ཡོད།

   ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་ཞེས་པ་དེས་ཏང་ཡོན་ལས་བྱེད་པར་དུས་གང་ཞིག་དང་ས་ཆ་གང་ཞིག་དུ་སླེབས་ཀྱང་ཕུགས་བསམ་བརྗེད་མི་རུང་ལ་ལངས་ཕྱོགས་ཀྱང་བསྒྱུར་མི་རུང་བའི་བླང་བྱ་བཏོན་ཡོད། ཏང་དབུ་བརྙེས་པ་ནས་ལོ་ངོ་བརྒྱ་ཙམ་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ང་ཚོའི་ཏང་འདི་ཉིད་ཏང་ཡོན་བཅུ་ཕྲག་ཁ་ཤས་ལས་མེད་པ་ནས་ད་ཆ་ཏང་ཡོན་ཁྲི་དགུ་སྟོང་ཙམ་ཡོད་པའི་བར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། དེ་ནི་གུང་ཁྲན་ཏང་མིས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དད་སེམས་བརྟན་དུ་གཏོང་བ། འགྲན་སློང་བསུ་བ་བཅས་བྱས་ནས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་ལམ་བུའི་ཐོག་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ང་ཚོའི་ཐབས་མཆོག་ཅིག་ཡིན་པ་དང་། མི་རབས་རེ་ལ་དུས་རབས་ཀྱི་ལས་འགན་དང་དུས་རབས་ཀྱི་དགོས་མཁོ་མི་འདྲ་བ་ཡོད་ལ། དུས་རབས་ཀྱི་ཉམས་འགྱུར་དང་དུས་རབས་ཀྱི་སྙིང་སྟོབས་ཀྱང་མི་འདྲ་བ་ཡོད་མོད། འོན་ཀྱང་དུས་རབས་འཕེལ་རྒྱས་དང་འགྱུར་ལྡོག་ཇི་འདྲ་བྱུང་ཡང་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་བློ་ལ་བརྟན་པོར་ངེས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚང་མ་མདུན་དུ་བསྐྱོད་སྐབས་བསྐྱོད་མྱོང་བའི་ལམ་བུ་བརྗེད་མི་རུང་ལ། ལམ་ཐག་ཇི་ཙམ་རིང་བ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་ཇི་ཙམ་བསྐྱོད་ཀྱང་བསྐྱོད་མྱོང་བའི་ལོ་ཟླ་བརྗེད་མི་རུང་བ་དང་། ཅིའི་ཕྱིར་བསྐྱོད་རྒྱུ་བརྗེད་མི་རུང”ཞེས་གསུངས་པ་ལྟར་ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས།

   ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པ་དེས་ཏང་ཡོན་ལས་བྱེད་པར་ལས་གནས་དཀྱུས་མའི་ཐོག་བློ་གཅིག་སེམས་གཅིག་གིས་ལེགས་སྐྱེས་ཕུལ་ནས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  བློ་མཐུན་ཅའོ་ཡུས་ལུའུ་ནི་ཁེ་གྲགས་མི་གཉེར་བ་དང་། དད་སེམས་བརྟན་པ། ཆ་རྐྱེན་ཞན་པའི་གཞི་རིམ་དུ་རྩ་བ་ཚུགས་པ། མང་ཚོགས་ལ་བློ་སེམས་གཏད་པ། ནན་ཏན་གྱིས་རང་འཁྲིའི་ལས་འགན་སྒྲུབ་པ་སོགས། ཁོང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་དམངས་ལ་སེམས་རྩ་འཁོལ་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་ནི་ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ང་ཚོས་ཁོང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ངང་རང་ངོས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་ཀྱིས་དཀྲིས་པའི་དབང་ཆ་ནན་ཏན་ངང་སྤྱོད་པ། རང་ངོས་ཀྱི་འོས་འགན་ལག་བསྟར་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་འདེགས་ཏན་ཏིག་ཞུ་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་“དམངས་ལ་དགའ་བ་དང་། དམངས་ལ་སེམས་ཁྲལ་བྱེད་པ”བཅས་ཀྱི་ཐོག་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ཐོག་མའི་བསམ་འདུན་ནི་ང་ཚོའི་སེམས་ནང་གི་དད་སེམས་དང་ང་ཚོའི་རྐང་འོག་གི་སྟོབས་ཤུགས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་སྟོབས་ཤུགས་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཤིག་ཀྱང་ཡིན།  དུས་རབས་གསར་པར་ང་ཚོས་དེ་བས་ཀྱང་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། 


微信

抖音

邮箱

邮箱地址:xzwxbjb@sina.com