ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།

发布时间:2024年10月29日 文章来源: 文章作者:ཟླ་སྒྲོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གོམས་སྟབས་སྤོ་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྲུན་རྒྱུ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་བསམ་པ་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་འཛུགས་ཕྱིར་ཡིན་ཞེས་ནན་གསུང་གནང་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་ལྡན་པའི་བསམ་པའི་ཁྱིམ་གཞིས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རྟེན་ས་དང་རྒྱུད་འཛིན། དར་སྤེལ་བཅས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དང་ཀུན་སྤྱོད་ཀྱི་ཚད་གཞི། རིན་ཐང་གི་མ་ལག བརྩེ་དུང་གི་འདུ་ཤེས་བཅས་ཀྱི་སྤྱི་སྡོམ་ཡིན་ལ། ཀྲུང་ཧྭ་མི་རིགས་གསོན་ཤུགས་ཡར་བརྩོན་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ནུས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།

བོད་ལ་ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་བཅོས་བསྒྱུར་བྱས་པ་ནས་བཟུང་།ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་གོང་བུ་གཅིག་འགྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ཁེ་ཕན་ཆེ་ཤོས་སུ་འཛིན་རྒྱུ་རྒྱུན་མཁྱོངས་བྱས་ནས།བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་རླབས་ཆེའི་རྒྱལ་ཁ་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་།ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ལ།མི་རིགས་ཁག་གི་མི་དམངས་ཀྱི་བློ་སེམས་གཅིག་མཐུན་དང་ལག་མདང་གཅིག་སྦྲེལ།ལས་དབང་གཅིག་སྦྲེལ་གྱི་འདུ་ཤེས་ཟབ་དུ་བཏང་ནས།ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་སྔར་བས་བརྟན་དུ་གཏོང་དགོས།

དུས་རབས་གསར་པར་སླེབས་སྐབས་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། བོད་རིགས་དང་མི་རིགས་ཁག་དབར་གནའ་སྔ་མོ་ནས་རིག་གནས་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་དོན་དངོས་ལོ་རྒྱུས་རྒྱ་ཁྱབ་དང་དྲིལ་བསྒྲགས་བྱེད་པ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་སེམས་པ་གཅིག་མཐུན་གྱི་བླ་སྲོག་གཏོད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བ་དང་བསམ་པའི་བརྟེན་གཞིར་འགྱུར་བ།མཐུན་སྒྲིལ་འབད་འཐབ་བཅས་ཀྱི་བསམ་པའི་སྒྲོག་ཐག་ཆེན་པོ་ཞིག་ཆགས་པ་བྱས་ཐོག“མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར”གྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས།


微信

抖音

邮箱

邮箱地址:xzwxbjb@sina.com