ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།

发布时间:2024年07月12日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་སྐབས“རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། ནུས་པ་ཆ་ཚང་འཛོམས་པ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་སྟེ། རྩ་འཛུགས་ཀྱི་མ་ལག་དང་། སློབ་གསོའི་མ་ལག ལྟ་འདོམས་ཀྱི་མ་ལག ལམ་ལུགས་ཀྱི་མ་ལག འགན་འཁྲིའི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ཐད་བཀོད་སྒྲིག་གནང་བ་རེད།

གང་དུ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དེ་གར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་སྐྱོང་བྱེད་དགོས། དུས་རབས་གསར་པར་སླེབས་སྐབས་ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་གནས་སྲིད་པས། ང་ཚོས་ངེས་པར་དུ“རྒྱུགས་འབུལ་ལམ་བུར”སྐྱོད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཇི་སྲིད་བར་དུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ཐབས་ལམ་ནུས་ལྡན་ལ་བརྩིས་ནས། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ནང་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། དམིགས་ཡུལ་ཁྱོན་ཡོངས་ལ་ཁྱབ་པ། འགན་འཁྲི་ཁྱོན་ཡོངས་ལ་འབྲེལ་མཐུད་ཐུབ་པ། ལམ་ལུགས་ཁྱོན་ཡོངས་ལ་འབྲེལ་མཐུད་ཐུབ་པ་བཅས་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་ལ། ཏང་གི་རང་ངོས་གསར་བརྗེ་ཡང་ནམ་ཡང་ཚར་དུས་མེད། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཁྲི་517.6དང་ཏང་ཡོན་ཁྲི་9918.5ཡོད་པའི་ཏང་ཆེན་པོས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་ཏང་གི་རིམ་ཁག་རྩ་འཛུགས་ཚང་མ་འཐུས་སྒོ་ཚང་བ་དང་ཉམས་སད་ཐེག་ཐུབ་པར་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་ཐུབ་པར་བྱེད་དགོས། གཞི་བརྟན་བསམ་འཕེལ་དང་བློ་སྒྲིལ་སེམས་སྐྱེད་ཀྱི་སློབ་གསོའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། བསམ་བློ་འཛུགས་སྐྱོང་གི་རྨང་གཞིར་དམ་འཛིན་ཡག་པོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ་ཏང་ཡོན་ལས་བྱེད་པས་ཏང་གཤིས་བརྟན་གཏོང་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ལ་ཞུན་བརྡར་བཅས་བྱས་ནས་ཆབ་སྲིད་ཀྱི་དོན་རྟོགས་པ་དང་བྱ་སྤྱོད་ཀྱི་དངོས་སྒྲུབ་པ་ཡག་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས། གནད་སྨིན་ཤུགས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་ལྟ་འདོམས་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ཡོན་གྱི་དོ་དམ་ལམ་སྲོལ་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པའི་ལམ་སྲོལ། སྤྱོད་བཟང་སྒྲིག་ནན་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཅས་འབུར་དུ་ཐོན་པར་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་ནད་བཅོས་དང་སྟོབས་རྒྱས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ཏང་གི་སྒྲིག་ལམ་བརྟན་པོར་འཛུགས་དགོས། ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པའི་ལམ་ལུགས་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བརྟན་པོའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ལམ་ལུགས་འཛུགས་སྐྱོང་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་དང་། ཏང་གི་འཛུགས་སྐྱོང་ཁག་དང་ཆ་འགྲིག་ཡོང་བར་བྱས་ཏེ་ལམ་ལུགས་ཀྱི་རླུང་ཙེ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་སྟེ་དབང་ཆ་སྤྱོད་ཁོངས་ལས་མི་བརྒལ་བ་བྱེད་དགོས། བྱེད་པོ་ཁ་གསལ་དང་བླང་བྱ་ཁ་གསལ་གྱི་འགན་འཁྲིའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ། འགན་འཁྲི་བ་དོན་འཁྱོལ་དང་། འགན་འཁྲིའི་འབྲེལ་ཐག་སླེ་བ། འགན་འཁྲིའི་ས་ཞིང་ཡག་པོ་འདེབས་པ་བཅས་བྱེད་པར། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་རིམ་ཁག་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིའི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། འགན་འཁྲི་འཁུར་བ་དང་། འགན་འཁྲི་སྲུང་བ། འགན་འཁྲི་གཙང་སྒྲུབ་བཅས་ཏང་རྩ་འཛུགས་ཚང་མ་དང་ཏང་ཡོན་ལས་བྱེད་པ་ཚང་མའི་ལུས་ཐོག་ནས་མངོན་པར་བྱེད་དགོས།

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།

微信

抖音

邮箱

邮箱地址:xzwxbjb@sina.com