མི་རིགས་ཁག་གི་མང་ཚོགས་ཀྱི་སྤྱི་དམངས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།

发布时间:2024年07月04日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

སྤྱི་དམངས་ཀྱི་འདུ་ཤེས་ནི་མདོར་བསྡུས་ནས་བཤད་ན། རྒྱལ་ཁབ་གཅིག་གི་སྤྱི་དམངས་ཀྱིས་རྒྱལ་ཁབ་དེ་གའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁེ་དབང་དང་འོས་འགན་གྱི་འབྲེལ་བར་གཞིགས་ནས། མི་སྒེར་དང་རྒྱལ་ཁབ་དང་། མི་སྒེར་དང་སྤྱི་ཚོགས། མི་སྒེར་དང་མི་གཞན་བཅས་དབར་གྱི་རང་ངོས་ངོས་འཛིན་ལ་ལྟ་སྟངས་ཡང་དག་འཛིན་ལུགས་དེ་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཀུན་སྤྱོད་ཀྱི་འདུ་ཤེས། འགན་འཁྲི་འཁུར་སེམས། དམངས་གཙོའི་ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་ཐོག་ནས་གཅིག་སྡུད་ཐོག་མཚོན་གྱི་ཡོད།

དེང་རབས་སྤྱི་ཚོགས་ཁྲོད་སྤྱི་དམངས་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ཡིན་པས། རྒྱལ་ཁབ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྤྱི་དམངས་ཚང་མ་ཞུགས་པ་དང་ཚང་མའི་འབད་བརྩོན་ལ་བརྟེན་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་ངོས་ནས་ང་ཚོར་དབང་ཆ་ལོངས་སུ་སྤྱོད་དབང་ཡོད་པ་དང་དེ་བཞིན་འོས་འགན་སྒྲུབ་དགོས་པ་ནི་གཅིག་གྱུར་རེད། ཕྱོགས་གཅིག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆབ་སྲིད་ཁེ་དབང་དང་། དཔལ་འབྱོར་ཁེ་དབང་། རིག་གནས་ཁེ་དབང་། སྤྱི་ཚོགས་ཁེ་དབང་བཅས་འགན་ལེན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་རང་རྟོགས་ཀྱིས་སྤྱི་དམངས་ཀྱི་འོས་འགན་བསྒྲུབས་ཏེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། གཟི་བརྗིད་མཚན་སྙན་དང་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས་པ། རྒྱལ་ཁབ་ཀྱི་གསང་བ་སྲུང་བ་དང་། སྤྱི་པའི་རྒྱུ་ནོར་ལ་གཅེས་སྤྲས། ངལ་རྩོལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་། སྤྱི་པའི་ཀུན་སྤྱོད་ལ་བརྩི་འཇོག་བཅས་བྱེད་དགོས་པ། ཁྲིམས་ལྟར་དམག་ཞབས་ཞུ་བ་དང་ཁྲིམས་ལྟར་ཁྲལ་འཇལ་བ་སོགས་བྱས་ཏེ་རང་ཉིད་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་གཏོགས་སེམས་བརྟན་དུ་བཏང་ནས་རྒྱལ་ཁབ་དར་རྒྱས་དང་། མི་རིགས་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་དུས་རབས་གསར་པའི་སྤྱི་དམངས་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ་བཅས་རེད།

སྤྱི་དམངས་ཀྱི་འདུ་ཤེས་བཟང་པོ་དེ་སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། མི་སྒེར་གྱི་ངོས་ནས“རྒྱལ་གཅེས་དང་། ལས་བཀུར། ཁ་དན་ཚིག་གནས། མཛའ་མཐུན”སོགས་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཀྱི་ཚད་གཞི་ལག་ལེན་བསྟར་ཏེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་། ལས་རིགས་ཀྱི་ཀུན་སྤྱོད་ཟབ་གཏོང་། ཁྱིམ་ཚང་གི་སྤྱོད་བཟང་རྒྱུན་འཁྱོངས། མི་སྒེར་གྱི་གཤིས་རྒྱུད་ཞུན་བརྡར། དུས་རབས་ཀྱི་སྲོལ་གསར་དར་སྤེལ། ལུགས་རྙིང་སྲོལ་ངན་དོར་བ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བཀག་འགོག ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རིགས་བཀག་འགོག་བཅས་བྱས་ཏེ་སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཡག་པོ་ཞིག་དང་། ལས་ཁུངས་ཀྱི་ལས་བཟོ་ཡག་པོ་ཞིག ཁྱིམ་ཚང་གི་ཁོངས་མི་ཡག་པོ་ཞིག་བཅས་བྱེད་དགོས། 

རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com