དྲ་རྒྱའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་དགོས།

发布时间:2024年07月03日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

       མང་ཚོགས་ཀྱི་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་དོན་གྱི་ལམ་ཕྱོགས་ཡིན།དྲ་སྦྲེལ་དུས་རབས་སུ་དྲ་རྒྱའི་བར་མཐོངས་དེ་ཉིད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བར་མཐོངས་གསར་པར་གྱུར་ཡོད་ལ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ལས་སྟེགས་གསར་པར་ཡང་གྱུར་ཡོད།

2016ལོའི་ཟླ་2ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་བརྟག་ཞིབ་གནང་ཞིང་། གློག་ཀླད་མདུན་དུ་བཞུགས་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་སྒྲ་དུང་བརྒྱུད“ལྷན་རྒྱས་སྐུ་ཁམས་བཟང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྟེ་དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ་ངས་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་དང་། ཚང་མ་གཟུགས་པོ་བདེ་ཐང་དང་། ལས་དོན་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བྱམས་བརྩེ་ཆེན་པོས་གསུངས། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་མཐེབ་གཞོང་མནན་ནས་འཚམས་འདྲིའི་སྐད་གདངས་ཡོངས་བསྒྲགས་གནང་།

2016ལོའི་ཟླ་4ཚེས་19ཉིན། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་དམངས་ནི་མི་སེར་ཡིན་ཞིང་། མི་སེར་དྲ་བར་ཞུགས་པ་དང་བསྟུན་ནས་དམངས་འདོད་ཀྱང་དྲ་བར་ཞུགས་ཡོད” “རིམ་ཁག་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དྲ་རྒྱ་བརྒྱུད་མང་ཚོགས་ཀྱི་ལམ་ཕྱོགས་སུ་སྐྱོད་ཤེས་པ་བྱས་ཏེ་རྒྱུན་དུ་དྲ་བར་ཞུགས་ནས་མང་ཙམ་བལྟ་བ་དང་། བསམ་ཚུལ་ཉན་པ། གླེང་མོལ་བྱེད་པ། སྐད་ཆ་ཤོད་པ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་འདོད་ཚུལ་ཤེས་རྟོགས་དང་། བསམ་ཚུལ་དང་གྲོས་འགོ་ཡག་པོ་བསྡུ་རུབ་བྱས་ཏེ་དྲ་དམངས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་པ་དང་དོགས་གནད་སེལ་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་སྦྲེལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་མཁོ་དགོས་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་མཁས་པོ་བྱས་ནས་དམངས་ཀྱི་བསམ་ཚུལ་ཉན་པ་དང་། དམངས་འདོད་ལ་བརྩི་འཇོག དམངས་སེམས་དང་བསྟུན་པ་བཅས་དེ་བས་ཡག་པོ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་དེ་བས་ལེགས་པར་སྒྲུབ་དགོས”ཞེས་གཟབ་ནན་ངང་གསུངས།

ཉེ་བའི་ལོ་ཤས་རིང་། དྲ་སྦྲེལ་འཕེལ་རྒྱས་ཀྱིས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་སར་ཕན་བདེ་བསྐྲུན་ཡོད་དེ། སྨྱན་སྦྱོར་གསར་པའི་ཕུལ་བྱུང་བརྩམས་ཆོས་རབ་དང་རིམ་པ་དྲ་སྦྲེལ་ཐོག་རྒྱ་ཁྱབ་ངང་ཁྱབ་སྤེལ་བཏང་བ་བརྒྱུད་དྲ་ཐོག་གི་དྲང་ནུས་ཤུགས་ཆེར་ཕྱིན་པ་དང་འགྱུར་ཁུག་གཙོ་བོ་མཆོག་ཏུ་འཛིན་ཤུགས་ཆེ་རུ་ཕྱིན་ཡོད། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད་དྲ་སྦྲེལ་འཕེལ་རྒྱས་དེ་བས་ཀུན་ཕན་བསྟུན་མཁས་བྱུང་ཡོད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བཏང་བ་བརྒྱུད་དྲ་ཐོག་སིལ་ཚོང་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་སོགས་བྱུང་ཡོད།

དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དྲ་འཕྲིན་དམངས་ཆེད་མཐའ་འཁྱོངས་ཀྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

རྩོམ་སྒྲིག་པ། ཟླ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com