ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

发布时间:2024年06月21日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། འཕྱོངས་རྒྱས་རྫོང་གི་ཏང་ཡོན་ལས་བྱེད་པས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་འབུངས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི“བྱ་སྤྱོད་ཆེན་པོ་ལྔ”ལག་བསྟར་གཏིང་ཟབ་བྱེད་པ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ་ནས་ཉམས་སད་ཐེག་ཐུབ་པའི་རྩ་འཛུགས་སྟོབས་ལྡན་འཛུགས་སྐྱོང་བྱེད་པའི་བར་དང་། བྱེད་ཐབས་གནད་ལ་འཁེལ་པོ་བཟོས་ནས་བཅོས་སྐྱོང་ནུས་ལྡན་བྱེད་པའི་བར། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་ནས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་བར་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་ཡོད། འཕྱོངས་རྒྱས་རྫོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་བྱ་དགའ་མཐོ་ཤོས“ཁྲང་ཨན་བུམ་པ”ཐེངས་གཉིས་ཐོབ་པ་དང་། “གྲོང་གསེབ་ཀྱི་བཟང་པོ་བཞིའི་གཞུང་ལམ”དང་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང(ཆུས)ཁག་དྲུག་པར་བདམས་པ། 2022ལོར་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་འཛུགས་གཏོད་མིང་གཞུང་ཁག་དང་པོར་བདེ་བླག་ངང་ཚུད་པ་བཅས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་འཕྱོངས་རྒྱས་ཀྱི་ས་གཞི་ཆེན་པོར་རིམ་བཞིན་དར།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ།

ཀྲི་པུའུ་གཅིག་ནི་བཙན་རྫོང་ཞིག་རེད། འཕྱོངས་རྒྱས་རྫོང་གིས་འགོ་ཁྲིད་ཚན་ཁག་དང་། ཏང་ཡོན་གྱི་དཔུང་ཁག ལམ་སྲོལ་འཁོར་རྒྱུག ལས་ཀའི་ཕན་འབྲས། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་བཅས་ལ་དམིགས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཆང་ཁྱིམ་སོགས་གྲོང་ཚོ(སྡེ་ཁུལ)7དུ“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ཆུང”བཙུགས་པ་དང་། ཐང་པོ་ཆེ་སོགས་གྲོང་ཚོ(སྡེ་ཁུལ)6ལ“ཏང་དང་མང་ཚོགས་ཀྱི་ས་ཚིགས”བསྐྲུན་པ། ཁྲང་དཀར་གྲོང་ཚོར“གསར་བརྗེའི་ས་ཚིགས། ཉིན་མོའི་ལྟ་སྐྱོང་ལྟེ་གནས”ཚོད་ལྟ་བྱས་ནས་བསྐྲུན་པ། “དྲ་མིག་གིས་བརྡ་བཏང་མ་ཐག་ལས་བྱེད་པས་འབྱོར་ཐོ་འགོད་པ་དང་། སྡེ་ཁུལ་གྱིས་བརྡ་བཏང་མ་ཐག་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། སྙིང་གཏམ་ཤོད་རེས། དམངས་གཙོའི་དཔྱད་མོལ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཏང་ཡོན་གྱིས“ཆབ་སྲིད་ཀྱི་སྐྱེས་སྐར”གཏོང་བ་སོགས་ཀྱི་ཆབ་སྲིད་མཛད་སྒོ་གཉེར་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དེ་བས་བརྟན་དུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། 2023ལོར་སྟོད་པ་གྲོང་ཚོ་དང་ཆང་ཁྱིམ་གྲོང་ཚོ་སོགས་གྲོང་ཚོ(སྡེ་ཁུལ)7གྱིས་རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཏང་རྩ་འཛུགས་ལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད།

གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་བཏང་བ།

འཕྱོངས་རྒྱས་རྫོང་གིས་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྫོང་ཡོངས་དྲ་མིག་85ལ་ཕྱེ་ནས་ཏང་ཀྲི་པུའུ་60དང་། ཏང་ཚོགས་ཆུང་25 ཏང་ཡོན་གྱི་ལྟེ་བའི་དུད་ཚང་124བཅས་བཙུགས་པ་དང་། ཏང་འཛུགས་སྐྱོང་གིས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུར་སྣེ་ཁྲིད་བྱེད་པའི་ལས་སྟེགས་མ་འཇོག་བྱས་ནས་བསྐྲུན་པ། “འཕྱོངས་རྒྱས་eཁྱིམ”དང“དྲ་མིགeཤར་གཏོང”གི་APPདང་སྒྲིག་སྦྱོར་བྱས་པ། “མང་ཚོགས་ཀྱིས་གོང་ཞུ་དང་། དྲ་མིག་གིས་རྟོགས་པ། ལས་སྟེགས་འཁོར་རྒྱུག རིམ་པ་ཁག་གིས་སྒྲུབ་གཉེར། དུས་བཀག་ནང་ཐག་གཅོད། མང་ཚོགས་ཀྱིས་གདེང་འཇོག”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཞབས་ཞུའི་ལམ་སྲོལ་བཙུགས་པ། “སྲིད་ཇུས་དང་། ཐོན་ཁུངས། སྟོབས་ཤུགས། ཞབས་ཞུ”བཅས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ། ལས་ཐོག་ཏང་ཡོན་800ལྷག་ཙམ་དྲ་མིག་ནང་ཞུཊ་ནས་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུཊ་པ། “གྲངས་གཞི་མང་ཙམ་རྒྱུག་པ་དང་མང་ཚོགས་ཉུང་ཙམ་རྒྱུག་པའི”བཅོས་སྐྱོང་རྣམ་པ་བཅས་མངོན་འགྱུར་བྱུང་ཡོད།

འཕྱོངས་རྒྱས་རྫོང་གིས“ཁྲིམས་ལྟར་གྲོང་ཚོ་སྐྱོང་བའི”བྱ་སྤྱོད་གཞི་རྟེན་དུ་བྱས་ནས“ཁྱིམ་ཚང་ཁྲི་སྟོང་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཧུར་ཐག་སྤེལ་ཏེ་གཞི་རིམ་གྱི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཡོད། ཤ་གསོས་ཤང་གིས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“གཅིག་འཐུས་རྣམ་པའི”དྲོ་སྐྱིད་འདུམ་འགྲིག་ཁང་བཙུགས་ཏེ་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་ནུས་ལྡན་བྱས་པ་རེད།

མཉམ་སྡེབ་དཔལ་འབྱོར་རྒྱ་སྐྱེད་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།

ལམ་སྲོལ་ཆ་ཚང་ཞིག་གིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་ཅིང་། འཕྱོངས་རྒྱས་རྫོང་གིས་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་《ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཕྱོངས་རྒྱས་རྫོང་གི་ལག་བསྟར་བསམ་འཆར》ཚན་རིག་དང་མཐུན་པའི་ངང་བཟོས་ནས། “ཁག་གཅིག་རེ་གསུམ”གྱི་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཡུལ་བབ་དངབསྟུན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད།

སྤུས་འབྲས་ལེགས་གཉེར་ཁག་གཅིག་མཐའ་འཁྱོངས་བྱས་ཤིང་། ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱས་པ་བརྒྱུད་ཆང་ཁྱིམ་རིག་གནས་ཡུལ་སྐོར་དང་། ཞོལ་པ་ཚོང་དོན་འཁོར་རྒྱུག ཐག་རིང་རི་མཐོའི་འབྲོག་ལས་བཅས་ཀྱི་རྣམ་པ་བཏོད་པ་དེ་མཉམ་སྡེབ་དཔལ་འབྱོར་གྱི་སྐས་རིམ་དང་པོར་གྱུར་པ་དང་། སྲ་བརྟན་དང་མཐོར་གཏོང་ཁག་གཅིག་མཐའ་འཁྱོངས་བྱས་ཤིང་། གྲོང་ཚོ་རང་གི་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་དང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད་སྟོད་པ་ཞིང་ལས་ཐོན་སྐྱེད་ཚབ་གཉེར་དང་། ཤ་གསོས་བྲ་བོ་ལས་སྣོན། སྦས་སྣ་སྦྲང་མ་གསོ་ཚགས་སོགས་ཐོན་ལས་ཁག་གཅིག་བཏོད་པ། རྫོང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་བས། 2023ལོར་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)20ཡི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་15ལས་ཐོག་མར་བརྒལ་ནས་དུས་མཚུངས་ལས་105.7%འཕར་ཡོད་པ་རེད།

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།


微信

抖音

邮箱

邮箱地址:xzwxbjb@sina.com