ཐོན་ལས་ཀྱི་ཞིང་ས་གཤིན་པོར། སྲིད་བཟང་གི་སྦྲང་ཆར་བབས་པ།

发布时间:2024年06月14日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ལྷོ་རོང་རྫོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་དོན་ཆེན་ཨང་དང་པོར་བརྩིས་ཏེ། རྣམ་གྲངས་ལ་སྐུལ་འདེད་དང་། སྲིད་ཇུས་ཀྱིས་འགན་སྲུང་། ཐོན་ལས་ཀྱིས་འདེགས་སྐྱོར། རིག་གནས་ཡུལ་སྐོར་ལ་སྲུང་སྐྱོང་བཅས་ཡག་པོ་བྱས་ནས། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་པ་བཏོད་ཡོད།

ལྷོ་རོང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་པོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད་མཐའ་འཁྱོངས་ཀྱིས་རང་སའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། S204ཡི་ལྷོ་རོང་ནས་སྤོ་བོ་བར་གྱི་གཞུང་ལམ་དང་། སི་ཁྲོན་ནས་བོད་ལྗོངས་བར་གྱི་མེ་འཁོར་གྱི་བོད་ལྗོངས་དུམ་བུའི་ལེ་ལག་གཞུང་ལམ། G349ལམ་རྒྱུད་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་རིམ་སྤོར། དམར་རི་གྲོང་རྡལ་མདོ་རྒྱལ་ཐང་གྲོང་ཚོའི་ལུས་གསོའི་ཡུལ་སྐོར་སོགས་རྣམ་གྲངས་གལ་ཆེན་ཚན་རིག་དང་མཐུན་པའི་ངང་འཆར་གཞི་བཀོད་དེ་གང་མགྱོགས་སྐུལ་འདེད་བཏང་བ་མ་ཟད། ལས་གྲྭའི་རྣམ་གྲངས་ལ་ཞིང་འབྲོག་པ་ལས་ཞུགས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྣམ་གྲངས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལམ་བུ་གསར་པ་ཞིག་བཏོད་ཡོད། མིག་སྔའི་བར། ལྷོ་རོང་རྫོང་གི་ལས་གྲྭ་ཁག་གི་རྣམ་གྲངས་ལ་ས་གནས་ཀྱི་ཞིང་འབྲོག་པ་3710བསྡུས་པའི་བསྡུར་ཚད་79.12%ཟིན་པ་དང་འབབ་འཕར་སྒོར་ཁྲི་649.1ཡོང་བར་སྐུལ་ཁྲིད་ཐུབ་ནས་ཆ་སྙོམས་མི་རེར་ཡོང་འབབ་སྒོར་1749བྱུང་ཡོད།

ལྷོ་རོང་རྫོང་གིས་ཞིང་དར། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། དམངས་ཕན་གྱི་ཁ་གསབ་མ་དངུལ་སྣ་ཚོགས་དུས་ཐོག་དང་། འདང་ངེས། གྲངས་ཚང་སྤྲད་པས། ཞིང་འབྲོག་པའི་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད། དེ་དང་ཆབས་ཅིག མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་སྣང་ཆེན་བྱས་ནས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལས་གཏོད་འབབ་འཕར་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད། འདི་ལོ་ཚུན་དུ། ལྷོ་རོང་རྫོང་ལ་དམངས་ཕན་མ་དངུལ་ཁག་34ཡོད་པ་ནས་མིག་སྔའི་བར་མ་དངུལ་སྒོར་ཁྲི་3906.21སྤྲད་ཟིན་པ་དང་། མི་3307ལས་ཞུགས་གཞན་སྒྱུར་ཐུབ་ནས་ཐད་ཀར་འབབ་འཕར་སྒོར་ཁྲི་3517བྱུང་བ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་དུས་ཐེངས་17གཉེར་བར་མི་814གསོ་སྦྱོང་བྱས་པ། ཞིང་འབྲོག་མང་ཚོགས་དུད་ཚང་900ལྷག་ཙམ་ལ་དཔལ་འབྱོར་འབྲས་ཤིང་སྡོང་ཕྲུག་རྐང་1387དང་ལེ་ལག་ཚང་བའི་ཞིང་ཆུ་གཏོང་བའི་སྒྲིག་ཆས་རིན་མེད་སྤྲད་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་དང་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།

དེ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་ཆེད། ལྷོ་རོང་རྫོང་གིས་ཁྱད་ལྡན་ཐོན་ཁུངས་དང་གྲོང་གསེབ་གནས་ཡུལ་གྱི་ལེགས་ཆར་གཞིས་བཙུགས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ལྷོ་རོང་རྫོང་གི་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་དང་། ལྷོ་རོང་རྫོང་ནེའུ་གསིང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ལྷོ་རོང་རྫོང་ཆོན་ལྷོ་ཚོང་དོན་ཚད་ཡོད་ཀུང་སི་བཅས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གསུམ་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་དབུལ་སྐྱོར་ཐོན་ལས་དང་གྲོང་གསེབ་མཉམ་ལས་ཁང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། འདི་ལོ་ཚུན་དུ། ལྷོ་རོང་རྫོང་གི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གསུམ་གྱིས་ཞིང་འབྲོག་མང་ཚོགས་58ལ་སྣེ་ཁྲིད་དེ་འབབ་འཕར་སྒོར་ཁྲི་69.6དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་64ལ་ས་གནས་ཀྱི་མང་ཚོགས་139བསྡུས་ནས་འབབ་འཕར་སྒོར་ཁྲི་102.3 རྫོང་ཡོངས་ཀྱི་མཉམ་ལས་ཁང་68ལ་ལས་མི་4757བསྡུས་པར་ལས་གཉེར་ཡོང་འབབ་སྒོར་16.9ཞིང་འབྲོག་པར་སྣེ་ཁྲིད་དེ་འབབ་འཕར་སྒོར་ཁྲི་55.2བཅས་བྱུང་བ་མ་ཟད། ལྷོ་རོང་རྫོང་གིས་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ཏེ་ལྷོ་རོང་རྫོང་གིས་དམིགས་ས་ཡོད་པའི་སྒོ་ནས་G349ཡི་ལྷོ་རོང་དུམ་བུའི་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་ཡུལ་སྲོལ་གྱི་ཁྱད་ལྡན་བཟའ་བཏུང་དང་། ཁྱིམ་ཚང་མགྲོན་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་སོགས་ཐོན་ལས་རང་བརྟེན་ལས་གཉེར་ལ་ཁྲིད་སྟོན་དང་རོགས་རམ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་དེ་བས་མང་དུ་བཏང་ཞིང་། མིག་སྔའི་བར། G349ཡི་ལྷོ་རོང་ལམ་རྒྱུད་དུ་ཞིང་འབྲོག་མང་ཚོགས་ཀྱིས་ཁྱད་ལྡན་ཟ་ཁང་3དང་ཁྱིམ་ཚང་མགྲོན་ཁང་4བཙུགས་ནས་ས་གནས་དེ་གའི་མང་ཚོགས་36མགྲོན་ཁང་ཞབས་ཞུའི་ལས་རིགས་ནང་བསྡུས་ཡོད།

རྩོམ་སྒྲིག་པ། ཟླ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com