ཤེས་དཔལ་དར་སྤེལ་བཏང་། བདེ་སྐྱིད་ཁྱིམ་གཞིས་བསྐྲུན།

发布时间:2024年05月31日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་མིའི་ཤེས་དཔལ་བྱང་ཚད་དང་། གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་སྲོག་ཤིང་དུ་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྲིད་དོན་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལྷོ་ཁ་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་དང་། སྤྱི་ཚོགས་དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་འཆམ་མཐུན། སྤྱི་ཚོགས་དོ་དམ་ནུས་ཆེ། གྲོང་ཁྱེར་གྱི་བྱེད་ནུས་འཐུས་སྒོ་ཚང་བ། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་ཆོས་ཀྱི་བྱང་ཚད་ལེགས་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དེང་རབས་གྲོང་ཁྱེར་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་བཞིན་ཡོད།

བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། འཛུགས་གཏོད་དམངས་ཕན་ཡོང་བར་འགན་ལེན་བྱས་པ།

ཤེས་དཔལ་གྱི་དར་སྲོལ་སྐྱེད་སྲིང་བྱ་རྒྱུ་དེ་རྒྱུན་རྣམ་དང་ཕུགས་ཕན་ཡོང་བར་བྱས་ཏེ། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་བརྟན་པོའི་ངང་ཁྱབ་གདལ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་གད་སྙིགས་གཙང་སེལ་ཐད་དུས་བཀག་དང་གནས་གཏན་འཁེལ་གྱིས་དབྱུགས་པ་དང་། དུས་ཐོག་གཙང་སེལ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་གཙང་འཕྱགས་བཅས་བྱེད་ཀྱི་ཡོད་པ་མ་ཟད། འཁོར་རིགས་གང་བྱུང་དུ་འཇོག་པ་དང་། གློག་སྐུད་གང་བྱུང་དུ་འཁྲིད་པ། སྒྲིག་འགལ་ཁང་པ་རྒྱག་པ། རི་མོ་གང་བྱུང་དུ་འབྲི་བ་སོགས“ཟང་ཟིང་བཅུའི”སྣང་ཚུལ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་ཀྱི་ཡོད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་རྙིང་པ་དང་། སྒེར་གྱིས་གློག་སྐུད་གང་བྱུང་དུ་འཁྲིད་པ་དང་སྒྲིག་འགལ་ཁང་པ་རྒྱག་པ། ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པ། ཚོང་ཁང་ཕྱི་རོལ་དུ་ཚོང་གཉེར་བྱེད་པ་སོགས་ཤེས་དཔལ་གྲོང་ཁྱེར་དང་མ་མཐུན་པའི་སྣང་ཚུལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་རེད། ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས་རྫུན་ལྷད་ཞན་གསུམ་ལ་རྡུང་རྡེག་གཏོང་བའི་ལྟ་སྐུལ་དང་། ཐེར་འདོན། ཐག་གཅོད་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་ལྟར་ཡིད་རྟོན་གྱི“མིང་ཐོ་དམར་ནག”ལམ་ལུགས་བཙུགས་ནས་ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་འགལ་བར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱས་ཏེ། ཁ་དན་ཚིག་ལ་མ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

ཚད་གཞི་མཐོ་པོས་སྐུལ་འདེད་བཏང་སྟེ། འཛུཊ་གཏོད་ཟབ་ཏུ་དང་རྒྱ་སྐྱེད་ཡོང་བར་འགན་ལེན་བྱས་པ།

“ཤེས་དཔལ་ལ་སྣང་ཆེན་གྱིས་དར་སྲོལ་གསར་པ་གཏོད་པའི”དྲིལ་བསྒྲགས་སྦྱར་ཡིག་དང་ལག་ལེན་བྱ་སྤྱོད་ལས་ཁྲོམ་གཞུང་དང་སྲང་ལམ་གང་སར་དྲོ་སྐྱིད་ལྡན་པར་གྱུར་བ་དང་བསྟུན་ནས། “གྲོང་གསེབ་དར་རྒྱས་གཏོང་བར་ང་ཡིས་སྣེ་ཁྲིད་པ”དང་། “ཇ་ཁང་ནང་དུ་མཐུན་སྒྲིལ་གླེང་བ” “ཨ་ཅག་དང་བླངས་ཞབས་ཞུ”སོགས་ཀྱི་བྱེད་སྒོ་བཏོད་དེ། སྤྱི་པའི་ཞབས་ཞུ་དྲ་མིག་ཏུ་ཁྱབ་པར་སྐུལ་འདེད་བཏང་བ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་ཐོན་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

2021ལོར། ལྷོ་ཁ་གྲོང་ཁྱེར་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དུ་བདམས་ཤིང་། 2022ལོར་ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་དྲ་ཐོག་དཔྱད་གཞིའི་ཡིག་རིགས་ལད་ཟློས་འདུན་ཞུ་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཨང་དང་པོའི་གྲས་སུ་སླེབས་ནས་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཡོངས་བསྒྲགས་ཐོག་བསྔགས་བརྗོད་ཐོབ་ཡོད།

གྲུབ་འབྲས་དེ་དག་ཐོབ་དོན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་བརྩོན་ལེན་བྱེད་པའི་ལས་ཀའི་རྨང་གཞི་གལ་ཆེན་ཞིག་དང་རྒྱལ་ཁ་ལེན་པའི་གདེང་ཚོད་འཕེལ་ས་ཞིག་ཏུ་གྱུར། དེའང་ལྷོ་ཁ་འདི་ཉིད་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་དམིགས་ཚད་བླང་བྱ་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ཅེས་ཤོད་ཆོག

ལས་དོན་བཀོད་སྒྲིག་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ཆེད་སྒྲུབ་ལས་དོན་ཚོགས་ཆུང་8བཙུགས་ནས་ལས་དོན་ཁག་ལ་སྤྱི་འདོམས་དང་འཛུགས་གཏོད་བྱེད་སྒོའི་རྣམ་པ་ཟབ་མོ་བཏོད་དེ་ལས་བྱེད་ལས་བཟོ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་གང་ལེགས་བྱས་ཏེ་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་པ་རེད།

ཞབས་འདེགས་ཡག་པོ་ཞུས་ཏེ། འཛུགས་གཏོད་དམངས་འཚོ་ཅན་ལ་འགྱུར་བར་འགན་ལེན་བྱས་པ།

“ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཤེས་དཔལ་འཛུགས་གཏོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་གི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧྲན་ཆང་གིས་བཤད།

ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློའི་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་པ་དང་། རིམ་ཁག་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ། ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་མུ་མཐུད་སྤེལ་ཡོད། “མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བ”དང་། “བྱིས་པའི་སེམས་པ་ཏང་ལ་ཕྱོགས” “དུས་རབས་གསར་པའི་ལོ་ཆུང་བཟང་པོ” “ལོ་ཆུང་གདོང་ལེན་རུ་མིའི་སེམས་པ་ཏང་ལ་ཕྱོགས” “དུས་རབས་གསར་པའི་རུ་མི་བཟང་པོ་ཧུར་ཐག་བྱེད” “ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ”སོགས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཟུང་འབྲེལ་གྱི་སློབ་གསོའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་དྲ་རྒྱའི་ཤེས་དཔལ་གྱི་དཔེ་སྟོན་བྱེད་སྒོ་གྲོང་གསེབ(སྡེ་ཁུལ)ཏུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱིས་ཉེ་འཁོར་གྱི་མི་བཟང་དང་། ཀུན་སྤྱོད་དཔེ་བཟང་། དུས་རབས་ཀྱི་མིག་དཔེ། མི་ཕལ་པའི་བྱ་བཟང་བཅས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ཀུན་སྤྱོད་དཔེ་བཟང་ལ་རོགས་སྐྱོར་དང་གུས་ཞབས་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མི་གཞན་ལ་གཅེས་སྐྱོང་དང་། སྤྱི་ཚོགས་ལ་གཅེས་སྐྱོང་། རང་བྱུང་ཁམས་ལ་གཅེས་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་ཡོད། “ཡིད་རྟོན་གཉེར་སྐྱོང་གི་དཔེ་སྟོན་ས་ཚིགས”དང“བློ་བདེའི་འཛད་སྤྱོད་འཛུགས་གཏོད་ས་ཚིགས”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཡིད་རྟོན་ཚོགས་སྤྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཡིད་རྟོན་སློབ་གསོ་ལག་ལེན་ལ་སྐུལ་འདེད་བཏང་ཡོད་པ་རེད། 

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།


微信

抖音

邮箱

邮箱地址:xzwxbjb@sina.com