བཟའ་བཅའི་བདེ་འཇགས་ནི་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག མི་རིགས་ཀྱི་འབྱུང་འགྱུར་བཅས་དང་འབྲེལ་བ་དམ་ཟབ་ལྡན་ཡོད། “ལོ་ལྔ་ཚན་བཅུ་གསུམ”པའི་འཆར་འགོད་ལས་བཟའ་བཅའི་བདེ་འཇགས་དེ་སྔར་བས་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་ཐོག་བཞག་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་སྟེ། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ནན་འགོག་དང་དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱེད་དགོས་ཞེས་ནན་གསུང་ཐེངས་མང་གནང་ཡོད།
བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ནས་ཆེས་གཟབ་ནན་གྱི་ཚད་གཞི་སྤྱད་དེ་བཟའ་བཅའི་བདེ་འཇགས་འགན་སྲུང་བྱ་དགོས། མིག་སྔའི་བར་རང་རྒྱལ་གྱིས་དཀར་ཆུའི་ཐོན་རྫས་ཀྱི་བདེ་འཇགས་ཚད་གཞི་དང་། བཟའ་བཅའི་སྦྱོར་རྟ་དང་འཚོ་བཅུད་ཤུགས་ཆེར་གཏོང་རྫས་ཀྱི་བེད་སྤྱོད། ཐུམ་སྒྲིལ་བཟའ་བཅའི་ཤོག་བྱང་དང་འཚོ་བཅུད་ཤོག་བྱང་སོགས་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་303བཟོས་ནས་བཟའ་བཅའི་བདེ་འཇགས་ཀྱི་དམིགས་ཚད་རྣམ་གྲངས་6000ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་དོ་དམ་ནན་ཤོས་ལ་བརྟེན་ཏེ་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་དགོས། བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་ཆེད་ལས་རང་བཞིན། ཁྲིམས་ལྟར་བཅོས་སྐྱོང་། གཞི་རིམ་ལྟ་སྐུལ་དོ་དམ་བྱེད་ཤུགས་བཅས་ལ་ཤུགས་སྣོན་བརྒྱབ་ནས། དྲ་སྦྲེལ་དང་གཞི་གྲངས་ཆེན་པོ་སོགས་ཀྱི་ལྟ་སྐུལ་དོ་དམ་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ“ཞིང་ར་ནས་སྒྲོག་རྩེའི་སྟེང་གི་ཁ་ཟས”སུ་འགྱུར་བའི་བརྒྱུད་རིམ་ཧྲིལ་པོའི་བཟའ་བཅའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས།
ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་ཆད་པ་ནན་ཤོས་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལ་འགྲན་སློང་མི་རུང་བའི་རྣམ་པ་གཏོད་དགོས། བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཡིད་རྟོན་ཡིག་ཚགས་དང་ཁྲིམས་འགལ་བྱ་སྤྱོད་ཀྱི་མི་སྣའི་མིང་ཐོ་བཟོས་ནས། ཁེ་ཕན་ཁོ་ནར་མཐོང་ཆེན་བྱེད་པ་དང་ཀུན་སྤྱོད་ལ་སྣང་འཇོག་མི་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྣང་འཇོག་མི་བྱེད་པ། མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་སྣང་འཇོག་མི་བྱེད་མཁན་བཅས་ཀྱི་ཁེ་ལས་དང་མི་སྒེར་ལ་ཆད་པ་བཅད་ནས་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་དངུལ་ཆད་མཐོ་རུ་བཏང་སྟེ་མི་ཚང་མས་ཁྲིམས་ལུགས་བརྩི་སྲུང་བྱས་ནས་ཐུན་མོང་ཐོག་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
བཟའ་བཅའི་བདེ་འཇགས་གནད་དོན་ནི་གནད་དོན་ཀུན་ལས་བརྩིགས་ཆེ། དེར་བརྟེན་རིམ་ཁག་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”བརྟན་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”མཐའ་འཁྱོངས་བྱས་ཏེ་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་འབད་འཐབ་དམིགས་ཚད་དུ་བྱས་ནས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཆེས་ནན་པའི་ཚད་གཞི་དང་ཆེས་ནན་པའི་ལྟ་སྐུལ་དོ་དམ། ཆེས་ནན་པའི་ཆད་གཅོད། ཆེས་ནན་པའི་རྩད་གཅོད་བཅས་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཟ་འཐུང་བདེ་ཐང་ཡོང་བ་བྱས་ནས་ཟམ་མི་ཆད་པར་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་གོང་མཐོར་གཏོང་དགོས།
རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།
中央部门网站
自治区部门网站
地(市)委部门网站
相关新闻网站