ལས་ཞུགས་ཀྱི་ལྟ་བ་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་དགོས།

发布时间:2024年05月15日 文章来源:དྲ་འཕྲིན་གཞུང་ལས་ཁང་།

ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག  བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།  འོན་ཀྱང་།    ཉེ་ཆར་གསར་འགོད་པས་བཅར་འདྲིའི་ཁྲོད་ཤེས་རྟོགས་བྱུང་གསལ།  སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་མང་པོ་ཞིག་གིས་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་གདན་ཞུ་དང་།   ཐོབ་ཐང་སོགས་གང་ཅིའི་ཐད་གཞུང་ཞབས་པ་ལས་ཀྱང་།    སྔར་བཞིན་ཤེས་ལྡན་མི་སྣ་གདན་ཞུ་མ་ཐུབ་པའམ་ཡང་ན་ཤེས་ལྡན་མི་སྣའི་བློ་ཁ་འགུག་ཐུབ་ཀྱི་མེད་པ་རེད།   ཕྱོགས་གཅིག་ནས་མཐོ་སློབ་སློབ་ཐོན་སློབ་མས་ལས་ཀར་ཞུགས་དཀའ་བ་ཞེས་བརྗོད་པ་དང་།  ཡང་ཕྱོགས་གཞན་ཞིག་ནས་ཁེ་ལས་ཁག་གཅིག་གིས་ལས་མི་གདན་ཞུ་བྱེད་ཁག་པོ་འདུག་ཅེས་བརྗོད་ཀྱི་ཡོད་པས།  ཡང་སྙིང་གནད་དོན་དེ་སུར་ཐུག་ཡོད་དམ་ཞེ་ན།    གནད་འགག་གཙོ་བོ་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་མེད་པ་དེ་རེད།   

ལས་ཞུགས་ཀྱི་ལྟ་བ་དེ་དོན་དངོས་ཐོག་སྤྱི་ཚོགས་ཀྱི་སྤྱིའི་རིན་ཐང་ལྟ་བ་ཞིག་རེད།   ད་ཆ་རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་མང་པོ་བེད་སྤྱད་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མལྗོངས་ཕྱི་ནང་གི་ཁེ་ལས་ནང་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་གཏོང་བ་དང་།  བོད་ནང་ཁུལ་དུ་རང་བརྟེན་ལས་གཏོད་བྱེད་མཁན་ལ་འཚོ་བ་དང་།  སྡོད་ཁང་། ལས་གཏོད།  སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཁ་གསབ་མ་དངུལ་ཚད་གཞི་ཞིབ་ཕྲ་བཟོས་ནས། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་ལ་ཐབས་ལམ་མང་པོ་གཏོད་དེ་ལས་ཞུགས་གང་ཐུབ་བྱེད་ཀྱི་ཡོད་པས། མཐོ་སློབ་སློབ་ཐོན་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་དོན་དངོས་གནས་ཚུལ་དང་།  མི་སྒེར་གྱི་དགའ་ཕྱོགས། འཇོན་ཐང་སོགས་ལ་གཞིགས་ནས་རང་ཉིད་དང་འཚམ་པའི་ལས་གནས་ཤིག་གདམ་རྒྱུ་ནི་ཧ་ཅང་གལ་ཆེ།

མཐོ་སློབ་སློབ་ཐོན་སློབ་མས་འགྲན་རྩོད་ཆེ་བའི་ལས་ཞུགས་ཀྱི་གནས་བབ་ངོས་འཛིན་གྱིས་ལས་ཞུགས་ལྟ་བར་འགྱུར་ལྡོག་གཏོང་རྒྱུ་ནི་དོན་དམ་པ་ཞིག་རེད།   དུས་རྒྱུན་དུ།  བོད་ཀྱི་མི་རྣམས་ཀྱི་བསམ་བློའི་གཏོང་ཕྱོགས་ནང་ས་དང་བསྡུར་ན་ཅུང་རྗེས་ལུས་ཀྱི་གནས་སུ་ལྷུངས་ཡོད།  རྣམ་ཀུན་བོད་རིགས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཐད་གདམ་ག་བྱེད་པའི་སྲིད་ཇུས་མང་པོ་ཡོད་མོད།   ཡིན་ནའང་ཁོ་ཚོ་ཚང་མས་གཞུང་ཞབས་པའི་ཡིག་རྒྱུགས་དེ་ཁོ་ན་བརྩོན་ལེན་བྱེད་ཀྱི་ཡོད།   དེ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་གསར་པའི་དགོས་མཁོ་དང་མི་མཐུན་པ་ཞིག་ཡིན་པས་མཐོ་སློབ་སློབ་ཐོན་སློབ་མས་ཨ་ན་ཨུ་ཚུགས་ཀྱིས་གཞུང་ཞབས་པའི་ལམ་བུ་དེ་ཁོ་ནར་བསྐྱོད་དགོས་དོན་གང་ཡིན་ནམ།   

ཉེ་བའི་ལོ་ཤས་རིང་།  མཐོ་སློབ་སློབ་བསྡུའི་གཞི་ཁྱོན་ཆེ་རུ་བཏང་བའི་དབང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ཐད་སྔར་བས་འགྲན་རྩོད་ཆེ་རུ་ཕྱིན་ཡོད།   བོད་རང་སྐྱོང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྔར་བས་ཐག་གཅོད་བྱ་ཆེད ལས་ཞུགས་སྲིད་ཇུས་སློབ་གྲྭར་ཁྱབཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ།    དུས་བཀག་ལྟར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།  དེ་བཞིན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣ་སློབ་གྲྭར་གདན་དྲངས་ནས་ཆེད་དོན་འཆད་འཁྲིད་དང་།  བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ།  སློབ་མ་རྣམས་ལ་ལས་ཞུགས་ཀྱི་ཤེས་བྱ་ཁ་གསལ་གོ་བདེའི་ངང་རྒྱུས་མངའ་ལོན་ཐབས་བྱེད་ཀྱི་ཡོད།  དེར་བརྟེན། མཐོ་སློབ་སློབ་ཐོན་སློབ་མས་རྒྱུན་དུ་ལས་ཞུགས་བྱེད་མ་ཐུབ་པར་འཁང་ར་དང་།  “ ལྕགས་ཕོར”ཁོ་ན་བསམ་ནས་མ་བསྡད་པར།  “ སྔོན་ལ་རྐང་པ་ས་ལ་བརྟན་པོར་བཙུགས་ནས”དེང་རབས་ཀྱི་སྤྱི་ཚོགས་ལ་མཁོ་བའི་ལས་ཞུགས་ཀྱི་འདུ་ཤེས་གསར་པ་བཅངས་ཏེ།ལས་ཞུགས་ཀྱི་ལྟ་བ་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་དགོས་པ་ནི་ཧ་ཅང་གལ་ཆེ་སྙམ།   

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན།


微信

抖音

邮箱

邮箱地址:xzwxbjb@sina.com