གངས་ལྗོངས་ཀྱི་འཁྱགས་རོམ་ནས། ཕྱུག་འགྱུར་གྱི་ཆུ་བོ་བཞུར།

发布时间:2024年04月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།


གཉན་ཆེན་ཐང་ལྷའི་རི་རྒྱུད་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་ཀྱི་འཁྱགས་རོམ་ཁུལ་ཆེ་ཤོས་དེ་ཡིན་ལ། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ས་ཁོངས་ཧྲིལ་པོར་ཁྱབ་ཡོད། འཁྱགས་རོམ་དེ་ལས་བཞུར་བའི་ཆུ་ཡིས་ཡངས་ཤིང་རྒྱ་ཆེ་བའི་འདམ་གཞུང་གི་རྩྭ་ཐང་གསོ་བ་མ་ཟད།“5100”དང“7100”སོགས་འཐུང་ཆུའི་སྤུས་རྟགས་ཀྱང་བཏོད་ཡོད།

ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་བ་དང་། 2018ལོ་ནས་བཟུང་། འདམ་གཞུང་རྫོང་གིས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ལྷད་མེད་ཀྱི་འདམ་གཞུང”གཏོད་འགོ་བཙུགས་པ་དང་འབྲེལ། འདམ་གཞུང་རྫོང་གི་གནམ་མཚོ་དང་། “ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”“7100”རང་བྱུང་འཐུང་ཆུའི་སྤུས་རྟགས་བཅས་བདེ་བླག་ངང་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཆུའི་ཐོན་ལས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ཐོན་ནུས་ཆེ་རུ་དང་འཐུང་ཆུ“ཕྱིར་འདྲེན་པར”རྒྱབ་སྐྱོར་བྱས་ནས། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།

ཟླ་4པའི་འདམ་གཞུང་དུ་ད་དུང་ཅུང་གྲང་མོ་ཡོད་ཅིང་། གསར་འགོད་པ“7100”རང་བྱུང་འཐུང་ཆུའི་ཐོན་སྐྱེད་རྟེན་གཞི་སྟེ་བོད་ལྗོངས་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། བཟོ་པ་ཚོས་འགོག་སྲུང་གྱོན་ཆས་དང་། སྤྱོད་གཅིག་མའི་ལག་ཤུབས། ལྷམ་ཤུབས། མགོ་ཤུབས་བཅས་གཅིག་གྱུར་གྱོན་ནས་རྡུལ་མེད་འཁོར་ཁང་གི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་།

འདམ་གཞུང་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་རོགས་སྐྱོར་འཆར་འགོད་རྣམ་གྲངས་དང་རྫོང་ཁོངས་གཞུང་ཁོངས་ཁེ་ལས་ཤིག་ཡིན་པའི་བོད་ལྗོངས་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སི་དེ་2010ལོར་བཙུགས་པ་དང་། 2019ལོར“7100”རང་བྱུང་འཐུང་ཆུ་དངོས་སུ་སྤྱོད་འགོ་ཚུགས་ཡོད། “7100”གནམ་མཚོ་ཕྱུག་མོ་དང“གནམ་མཚོའི་ལྷ་ཆུ”སོགས་འཐུང་ཆུ་དག་ཀུང་སི་དེའི་ཐོན་རྫས་གཙོ་བོ་ཡིན་པའི་ངོས་ནས། ད་ཆ་རིམ་རྩིས་བྱས་ན་བྲིན་ཚོང་བྱེད་ཚད་སྒོར་ཁྲི་5021ཟིན་པ་དེས་འདམ་གཞུང་རྫོང་གི་རང་བྱུང་འཐུང་ཆུའི་ཁྲོམ་རའི་30%བཟུང་ཡོད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རང་བྱུང་འཐུང་ཆུའི་ཐོན་ལས་སྦྲེལ་ཐག་དེ་འཕེལ་རྒྱས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པའི་ཐོན་ལས་སྦྲེལ་ཐག་ཆེན་པོ་བརྒྱད་ཀྱི་གྲས་ཤིག་ཏུ་བརྩིས་ནས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། སྲིད་ཇུས་བཟང་པོའི་ཤར་རླུང་དང་འགྲོགས་ནས། བོད་ལྗོངས་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སིས་སྤུས་ལེགས་ཆུ་ཁུངས་དང་རང་འགུལ་ཅན་གྱི་ནང་འདྲེན་ཐོན་སྐྱེད་སྒྲུབ་རིམ་སོགས་ལ་བརྟེན་ཏེ་ཐོན་སྐྱེད་བརྒྱུད་རིམ་མཐོང་རྒྱུ་ཡོད་པ་དང“7100”རང་བྱུང་འཐུང་ཆུར་ཁྲོམ་རའི་ཐོག་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པར་བྱས་པ་མ་ཟད། ཉེ་འཁོར་གྱི་ཞིང་འབྲོག་པར་ཡང་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

“འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ང་ཚོས་ཁོར་ཡུག་སྲུང་སྐྱོང་དང་ཕན་འབྲས་ལ་སྣང་ཆེན་བྱེད་ཀྱི་ཡོད་ལ། ས་གནས་དེ་གའི་མི་སེར་གྱི་ལས་ཞུགས་ལའང་སྐུལ་འདེད་ཧུར་ཐག་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཐབས་བྱེད་ཀྱི་ཡོད། ང་ཚོའི་ཀུང་སི་ནི་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་སའི་རྟེན་གཞི་ཞིག་ཡིན་ཞིང་། ཀུང་སི་བཙུགས་ཚུན་དཀའ་ངལ་ཡོད་པའི་ཁྱིམ་ཚང་112ཀྱི་མི་614ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཉེ་འཁོར་མང་ཚོགས་ལ་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་234.69བགོས་ཡོད”ཅེས་བློ་བཟང་གིས་ངོ་སྤྲོད་བྱས།

བོད་ཀྱི་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དཀའ་ངལ་ཆེ་ཤོས་ནི་སྔར་བཞིན་ཁྲོམ་ར་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོར་གཞི་ཚུགས་པ་དང་ཁྱད་ལྡན་ཆུའི་ལས་དོན་ཡག་པོ་བསྒྲུབས་ནས། པེ་ཅིང་དང་། ཀྲེ་ཅང་། ཐེན་ཅིན། ཅང་སུའུ་སོགས་ལྗོངས་ཕྱིའི་ཁྲོམ་ར་དང་། ཉིང་ཁྲི་དང་། ནག་ཆུ། གཞིས་རྩེ་སོགས་ལྗོངས་ནང་ཁུལ་གྱི་ཁྲོམ་ར་བཏོད་པ་དང་། ཅིང་ཏུང་དང་། ཐེན་མའོ། ཕིན་ཏུའོ་ཏུའོ་སོགས་དྲ་ཐོག་ཚོང་དོན་ལས་སྟེགས་སུ་བཅའ་སྡོད་བྱས་ཏེ“7100”དང“5100”སོགས་འཐུང་ཆུའི་སྤུས་རྟགས་ཕྱིར་བསྐྱོད་ཐུབ་ཡོད།

2023ལོའི་ཟླ་5པར་འཚོགས་པའི་སུའུ་ལཱ་ཡང་བའི་བཟོ་ལས་ཐོན་ལས་མཉམ་ལས་འབྲེལ་མཐུད་དང“ལྷ་སའི་ཆུ་བཟང་དང་དངོས་རྫས་ཡག་པོའི”ཚོང་འདུས་ཐོག“5100”དང“7100”སོགས་ལྷ་སའི་ཁྱད་ལྡན་ཐོན་རྫས་རིགས་10ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པ་དང་། ཅང་སུའུ་རུ་ལྷ་སའི་རང་བྱུང་འཐུང་ཆུ་བྲིན་ཚོང་བྱེད་ཚད་ཏུན་1000ལྷག་ཙམ་མང་དུ་འགྲོ་བར་ས་གནས་ས་ཐོག་ཏུ་སྐུལ་འདེད་བཏང་བས། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་ཏེ་ལྷ་སའི་རང་བྱུང་འཐུང་ཆུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་བསྣན་ཡོད།

རྩོམ་སྒྲིག་པ། ཟླ་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com