བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ། འབྲེལ་ཡོད་ཀྱི་སྙན་སྒྲོན་དང་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ། ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།

发布时间:2024年03月13日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཟླ་3ཚེས་10ཉིན། བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་གྲོས་ཞིབ་གནང་བ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་ཀྱང་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་10ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་གྲོས་ཞིབ་གནང་བ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་ཀྱང་གནང་བ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཕེབས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མུ་མཐུད་གྲོས་ཞིབ་གནང་སྐབས། འཐུས་མི་ལིན་རུའེ་དང་། ཝང་ཡུང་ཞང་། དཔའ་དར། ཉི་མ། ལུའོ་ཆིང་ཝུའུ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཚང་མས་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འགོ་ནས་མཇུག་བར་ཁྱབ་པ་དང་། ལས་དོན་ལ་ཕྱོགས་སྡོམ་གནང་བ་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་དབྱེ་ཞིབ་གནང་བ་དོན་དངོས་དང་མཐུན་ལ་ཞིབ་ཅིང་ཕྲ་བ། ལས་འགན་བཀོད་སྒྲིག་གནང་བ་གནད་འཁེལ་ནུས་ལྡན་བཅས་ཡོད་པས། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་པར་ལྕག་སྐུལ་ཐེབས་ངེས་ཡིན་པའི་ངོས་འཛིན་གནང་བ་རེད།

རྩོམ་སྒྲིག་པ། ལྷག་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com