རང་ལྗོངས་ཀྱིས་དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

发布时间:2024年03月08日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་ཆར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་སྲིད་གཞུང་གི་མ་འཇོག་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས་དམངས་ཁྲོད་ཀྱི་མ་རྩ་ལས་གྲྭ་གལ་ཆེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དམངས་ཁྲོད་མ་རྩ་ཚན་རྩལ་གསར་གཏོད་རྣམ་གྲངས་འཛུགས་སྐྲུན་ནང་འཇོག་པར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་ནང་དམངས་ཁྲོད་ཀྱི་མ་རྩ་ཧུར་ཐག་འཇོག་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

རང་ལྗོངས་ཀྱིས་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་ལ་འཚམ་པའི་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་མཛོད་མུ་མཐུད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས།

དངུལ་རྩའི་སྒྲིག་གཞི་དང་ཁག་ཐེག་སྒྲིག་གཞིས་བཏོན་པའི་འགན་ཡིག(འགན་བཅོལ)གིས་དངུལ་སྨར་གྱི་ཚབ་བྱས་ཏེ་འོས་དཔོད་དང་། ཁ་ཆད་ལག་བསྟར། ལས་གྲྭའི་སྤུས་ཚད་སོགས་ཀྱི་ཁག་ཐེག་དངུལ་འཇལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་དམངས་ཁྲོད་ཀྱི་མ་འཇོག་འོས་དཔོད་བྱེད་མཁན་ལ་འོས་དཔོད་ཀྱི་ཁག་ཐེག་མེད་པ་བཟོ་བར་སྐུལ་མ་གཏོང་རྒྱུ་རེད། ཁྱབ་ཁོངས་མང་པོར་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བརྒྱུད་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་འགྲོ་བར་ལག་རྩལ་དང་། ཤེས་ལྡན་པ། གསོ་སྦྱོང་། བློ་འདྲི་སོགས་རིགས་ཁག་གི་ཆེད་ལས་ཀྱི་སྤྱི་པའི་ཞབས་འདེགས་ཞུས་ནས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་རྒྱུ་རེད།

དེ་དང་ཆབས་ཅིག སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་དོན་འཁྱོལ་ཧུར་ཐག་བྱས་ནས་དམངས་ཁྲོད་ཀྱི་མ་རྩ་འགྲིམ་འགྲུལ་དང་། ནུས་རྒྱུ་གཙང་མ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ལས་རིགས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། རྒན་གསོ་བུ་བཅོལ་སོགས་སྤྱི་ཚོགས་ཀྱི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད། དམངས་ཁྲོད་མ་འཇོག་གིས་གྲོང་ཁྱེར་དང་གྲོང་རྡལ་ལ་དྲོད་རླངས་མཁོ་འདོན་དང་། ཆུ་དང་གསོ་རླུང་མཁོ་འདོན། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ། ཁུལ་ཆུང་རྙིང་པ་སྒྱུར་བཀོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་དུ་བཟུང་ནས་ཕྱོགས་བསྡུས་གསར་སྤེལ་བྱེད་སྟངས་བརྒྱུད་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་གཏོང་རྒྱུ་རེད། དམངས་ཁྲོད་ཀྱི་མ་འཇོག་གམ་ཡང་ན་མ་རྐང་ནང་ཞུགས་ནས་བཅོས་སྣུམ་ཚོང་ལས་གསོག་མཛོད་དང་སྣུམ་སྣོན་ས་ཚིགས་སོགས་ནུས་གསོག་སྒྲིག་ཆས་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་སྔར་ལས་འཕེལ་བར་ལྕག་སྐུལ་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ནོར་འཛིན་གསལ་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com