སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་མཐའ་གཅིག་ཏུ་བརྟན་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་འཚོ་བའི་བཙོག་ཆུ་གཙང་གསིང་ལ་ཤུགས་སྣོན་རྒྱག་པ་དང་འཚོ་བའི་གད་སྙིགས་རིགས་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་ཡོད། འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་དོམ་ལུང་སྒང་གྲོང་ཚོའི་མང་ཚོགས་ཀྱིས་ཆུ་ཡུར་ཤོང་བཞིན་པ།
རྩོམ་སྒྲིག་པ། ལྷག་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站