དམངས་ཆེད་འགན་འཁྲི་སྒྲུབ་པར་འབྲས་བཟང་སྨིན། འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་བསྐྱོད།

发布时间:2024年02月23日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

2023ལོར་ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། “དོན་ཆེན་བཞིར”དམ་པོར་དམིགས་པ། “འཛུགས་གཏོད་བཞི”དང་དེ་བཞིན་ལྷོ་ཁའི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་ཤུགས་བརྒྱབ་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་། ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་པའི་གཡུར་ཟའི་གྲུབ་འབྲས་ཐོག་ནས་གཞུང་འཁྱོངས་གསར་འབྱེད་དང་འབད་འབུངས་ཡར་བརྩོན་གྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

སྲིད་གྲོས་ཀྱི་བློ་གྲོས་བཏོན་ཏེ།

གྲོས་མོལ་སྲིད་གླེང་གིས་འཕེལ་རྒྱས་དོན་གཉེར་བྱས་པ།

ཨུ་ཡོན་སྒྲིག་འཛུགས་བྱས་ནས་རྫོང(ཆུས་དང་གྲོང་ཁྱེར)དང་ཤང(གྲོང་རྡལ)ཁག་ཏུ་བསྐྱོད་དེ་ཆེད་དོན་བརྟག་ཞིབ་བྱས་ཤིང་།“རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ལ་འགན་ལེན”གྱི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ས་རྒོད་བཅོས་སྒྲིག་སོགས་ཀྱི་གནད་དོན་ལ་དམིགས་ནས་དངོས་སྒྲུབ་གོ་ཆོད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཨུ་ཡོན་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་ཞིབ་བྱས་ཤིང་། “ཁུལ་ཆུང་གི་སྡེ་ལས་དོ་དམ་ཚད་ལྡན་དུ་གཏོང་བ་དང་སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི”ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྡེ་ལས་ལས་རིགས་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དམིགས་སའི་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

“ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བརྟག་ཞིབ་བྱས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲིན་གཏོང་དྲ་རྒྱ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཟོག་འགྲེམས་སྡེབ་སྐྱེལ་གྱི་ཁྱབ་ཁྱོན་ཆེ་རུ་གཏོང་བ། དྲ་ཐོག་ཚོང་དོན་གྱི་ཆེད་ལས་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་པ་སོགས་ཀྱི་ཐད་ལས་དོན་གྱི་གྲོས་འགོ་བཏོན་ཡོད།

“གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་བརྟག་ཞིབ་བྱས་ཏེ། མ་ལག་འཆར་འགོད་དང་འབྲེལ་ཡོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་གྲོས་འགོ་ཞིབ་ཕྲ་བཏོན་ཡོད།

“གྲོང་གསེབ་རིག་གནས་ཀྱི་འཐབ་ས་སྟོབས་ཆེན་སྐྲུན་པ་དང་གྲོང་གསེབ་རིག་གནས་དར་རྒྱས་གཏོང་བར་གཞོགས་འདེགས”ཀྱི་ཆེད་དོན་བརྟག་ཞིབ་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་འབྲེལ་ཡོད་ཀྱི་གྲོས་འགོ་བཏོན་ཡོད།

སྲིད་གྲོས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ།

འགན་སྒྲུབ་ནུས་པ་སླར་ཡང་ཆེ་རུ་བཏང་བ།

ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གདན་དྲངས་ཤིང་། ཁོང་ཚོས་ཨུ་ཡོན་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་དང་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་གླེང་མང་བའི་དཀའ་གནད་རེ་རེ་བཞིན་ལ་ལན་བརྒྱབ་ཅིང་། “གཅིག་གིས་དྲི་བ་འདོན་པ་དང་གཅིག་གིས་ལན་རྒྱག་པའི”གྲོས་མོལ་རྣམ་པར་བརྟེན་ནས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད་ལ་གྲོས་མོལ་གྱི་ཆུ་ཚད་མཐོ་པོའང་ཡོང་བ་བྱས་ཡོད།

“ང་ཚོས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་དང་འཚམ་ཤོས་ཀྱི་ནང་དོན་བདམས་ཏེ། བརྟག་ཞིབ་སྙན་ཞུ་དང་། གྲོས་གཞི། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བཅས་སུ་བསྒྱུར་བ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་དུ་བཅུག་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཐེན་ཧྭ་ཡིས་ངོ་སྤྲོད་བྱས།

གྲོས་གཞི་སྒྲུབ་ཡུལ་དངོས་སུ་གྲོས་མོལ་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་གྲོས་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཐོ་འགོད་བྱས་པའི་གྲོས་གཞི་64ཚང་མར་སྒྲུབ་ལན་སྤྲད་པས་ཨུ་ཡོན་གྱི་བློ་ལ་འབབ་ཚད་མུ་མཐུད་མཐོ་རུ་སོང་ཡོད། ལྷོ་ཁ་གྲོང་ཁྱེར་དུ་སྡོད་པའི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱིས་ལྷོ་ཁ་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་རིང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཤིང་། གྲོས་གཞི་ཁག་43བཏོན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རྣམ་གྲངས་གལ་ཆེན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་སོགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པར་རམ་འདེགས་བྱས་ཡོད།

སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།

སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་པ།

རིམ་གསུམ་ཞིང་ལས་དང་གྲོང་གསེབ་རིགས་ཁོངས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་ཁུལ་དུ་དུས་རབས་གསར་པའི“གྲོང་ཚོའི་ལོ་རྒྱུས”དང་། “ཁྱིམ་ཚང་གི་ལོ་རྒྱུས” ཨུ་ཡོན་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཅས་བརྗོད་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་དཀྱུས་མའི་ཁྱིམ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་ལས། རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་འཛད་མཐའ་མེད་པ་དང་། འཕེལ་རྒྱས་དང་འགྱུར་ལྡོག་ཉེ་འགྲམ་དུ་བྱུང་བ། བདེ་སྐྱིད་ལྡན་པའི་འཚོ་བ་ད་ལྟ་སྐྱེལ་བཞིན་པ་བཅས་ཚོར་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།

རྒྱ་ཆེའི་ཨུ་ཡོན་ཚོར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་མཉམ་དུ་བསྐྲུན་པ་བཅས་ཀྱི་སྣེ་ཁྲིད་བྱས་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པའི་སློབ་གསོ་ཁྲིད་སྟོན་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར། 

微信

抖音

邮箱

邮箱地址:xzwxbjb@sina.com