དུས་ཚོད་དམ་འཛིན་གྱིས་རྣམ་གྲངས་འཛུགས་སྐྲུན་ལས་ལ་བྲེལ་བ།

发布时间:2024年02月23日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་འབུད་རྫས་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་འདུ་འགོད་ཅིག་རེད། མིག་སྔར་ལས་གྲྭ་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་ཡོད། རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་5.65བཏང་བ་དང་། བསྐྲུན་ཟིན་རྗེས་ལྷ་ས་གྲོང་ཁུལ་དང་། ལྷུན་གྲུབ་རྫོང་། སྙེ་མོ་རྫོང་། འདམ་གཞུང་རྫོང་། མལ་གྲོ་གུང་དཀར་རྫོང་། མཁའ་འགྲུལ་ཁུལ་གསར་བཅས་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དང་། ཉུང་གཏོང་ཅན། ཐོན་ཁུངས་ཅན་བཅས་སུ་གཙང་སེལ་ཐུབ་ནས་ས་ཆ་དེ་དག་གི་འཚོ་བའི་གད་སྙིགས་གཞི་རྩའི་ཆ་ནས་མེད་པར་བཟོ་བའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད། འདི་ནི་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་འབུད་རྫས་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་ཡིན་པ།

རྩོམ་སྒྲིག་པ། ཡེ་ཤེས་ཚེ་བརྟན། 

微信

抖音

邮箱

邮箱地址:xzwxbjb@sina.com