“གྲོང་ཚོའི་མཚན་ཚོགས” ལ་ལྟ་བཞིན་ལོ་གསར་དགའ་གཏོང་བྱེད།

发布时间:2024年02月08日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་འགན་འཁུར་བའི“ས་གཞི་ཆེན་པོར་བསྟོད་གླུ་འབུལ་བའི”གྲོང་གསེབ་ཀྱི་བྱེད་སྒོ་དང་2024ལོའི་གཞིས་རྩེ་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གྲོང་གསེབ་ཀྱི“གྲོང་ཚོའི་མཚན་ཚོགས”ཀྱི་རིག་རྩལ་འཁྲབ་སྟོན་རྣམ་གླིང་རྫོང་མདོ་བརྗོད་ཤང་ས་གཞོང་གྲོང་ཚོར་བྱས་པ་རེད། གླུ་གཞས་དང་། ཞབས་བྲོ དགོད་བྲོའི་གཏམ་གླེང་སོགས་ལྟད་མོ་ཆེ་བའི་ལེ་ཚན་སྣ་ཚོགས་བསྟུད་མར་འཁྲབ་སྟོན་བྱས་ནས་བཀྲ་ཤིས་པ་དང་། སྤྲོ་སྣང་ལྡན་པ། འཆམ་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད། འདི་ནི་གཟབ་མཆོར་ལེགས་པར་སྤྲས་པའི་ས་གནས་དེ་གའི་ཡུལ་མིས་སྐུ་མགྲོན་ལ་ཞལ་ཏོག་གཏོང་བཞིན་པ།

རྩོམ་སྒྲིག་པ། བསོད་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com