རིག་གནས་ཀྱི་སྟོན་མོ་བཤམས་ནས་དམངས་སེམས་དྲོ་བར་བྱས།

发布时间:2024年02月02日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཁག་དང་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་དཔྱིད་གསར་དུས་ཆེན་དགའ་བས་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་མཉམ་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་བ་བརྒྱུད་དྲིན་ཚོར་འབད་འབུངས་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པ་དང་། སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པ་བཏོད་ནས་གྲང་ངར་ཆེ་བའི་དགུན་དུས་སུ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། འདི་ནི་དགུ་ཐང་ཤང་གི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་ཡིན་པ། 

རྩོམ་སྒྲིག་པ། ལྷག་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com