སྒྱུར་བཅོས་སྒོ་དབྱེས་བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་ལ་རམ་འདེགས་བྱེད།

发布时间:2023年12月15日 文章来源:

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུའི་རིང་།བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བོད་ཀྱི་ཁྱབ་ཁོངས་ཁག་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་ལས་བོད་ཀྱི་སློབ་གསོའི་བྱ་གཞག་ནིདུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོདལྟ་བུའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད།

སློབ་གསོས་མ་འོངས་གཏན་ཁེལ་བྱེད་ཅིང་།འདི་ནི་མི་རིགས་ཤིག་གི་ཆེས་རྩ་བའི་བྱ་གཞག་ཅིག་རེད།  སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་།  ཡིག་རྨོངས་ཉུང་རུ་གཏོང་བ། སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་བ་བཅས་ཆེད་བོད་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཡོད། ལྷག་དོན་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། བོད་ཀྱིས་རྒྱུན་ཆད་མེད་པར་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།  ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ།  ས་ཁོངས། སློབ་གྲྭའི་དབར་གྱི་སློབ་གསོའི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བཞིན་ཡོད།  དེ་བཞིན་རྒྱུན་ཆད་མེད་པར་ས་གནས་འདི་གའི་སློབ་གཉེར་དང་།  ས་གནས་གཞན་དུ་སློབ་གཉེར་བྱེད་པ། ལྗོངས་ནང་ཁུལ་གྱི་སློབ་གཉེར་དང་ལྗོངས་ཕྱིའི་སློབ་གཉེར་ཟུང་འབྲེལ་གྱི་སློབ་གསོ་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ་ཡུལ་བབ་དང་མཐུན་པའི་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་བྱེད་པ།  རྒྱུན་ཆད་མེད་པར་སློབ་ཆུང་དང་། སློབ་འབྲིང་།  མཐོ་འབྲིང་།  སློབ་ཆེན་གྱི་སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་གཅིག་གྱུར་ཡོང་བ་བྱས་ནས་སློབ་གསོའི་ཐོན་ཁུངས་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པ་དང་སློབ་མ་བསྡུ་བའི་བསྡུར་ཚད་མཐོ་རུ་གཏོང་བཞིན་ཡོད།  སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་འདུ་འགོད་ཟམ་མི་ཆད་པར་ལག་བསྟར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཟམ་མི་ཆད་པརགཞི་རྩའི་ཆ་གཉིསཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སློབ་འཐེན་ནན་འགོག་དང་སློབ་ཞུགས་འགན་ལེནགྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཡིག་རྨོངས་ཉུང་དུ་གཏོང་བ་དང་དུས་མཚུངས་འོས་འགན་སློབ་གསོའི་དུས་རིམ་གྱི་ཆ་རྐྱེན་ཞན་པའི་སློབ་གྲྭ་སྒྱུར་བཀོད་ལས་གཞི་ལག་བསྟར་དང་བཞི་ལྡན་འདུ་འགོདས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་མཁོ་འདོན་ལས་གྲྭ ཆར་རླུང་འགོག་པའི་ལུས་རྩལ་ཐང་བཟོ་བཀོད་འཛུགས་སྐྲུན་སོགས་ལག་བསྟར་བྱས་ཏེ། དེ་བས་མང་བའི་ཕྲུ་གུ་དེང་རབས་ཅན་གྱི་སློབ་གསོར་ལོངས་སྤྱོད་ཐུབ་པ་བྱུང་ཡོད། ད་ཆ། བོད་ཀྱིས་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་བསྐྲུན་ཞིང་།  རྒྱལ་ཡོངས་སུ་ལོ་15 ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དང་ཐོག་ལག་བསྟར་བྱས་ནས་སྐད་གཉིས་སློབ་གསོ་སློབ་མཚམས་ཡོངས་ཀྱི་ཁེབས་ཚད་དང་ཁྱབ་གདལ་བཏང་ཞིང་། གྲོང་ཁྱེར་དུ་ཨར་པོ་རྒྱུག་པར་ཡོང་མཁན་གྱི་བུ་ཕྲུག་གིས་ས་གནས་འདི་གའི་སློབ་ཁུངས་ཀྱི་ཐོབ་ཐང་ལོངས་སྤྱོད་ཐུབ་པ་དང་། སློབ་གསོའི་ནོར་སྲིད་མ་འཇོག་ལོ་ལྟར་འཕར་བ།  ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་རྒྱུགས་འཕྲོད་ཚད་76% ཟིན་པ་བཅས་མངོན་འགྱུར་བྱུང་ཡོད།

དགེ་རྒན་གྱི་སྟོབས་ཤུགས་ནི་སློབ་གསོ་ལས་དོན་ཀྱི་ཆེས་གལ་ཆེ་བའི་ལྟེ་བའི་རྒྱུ་རྐྱེན་ཞིག་རེད།  འཐུས་སྒོ་ཚང་བའི་དགེ་རྒན་དཔུང་ཁག་ནི་སློབ་འཁྲིད་བདེ་ལག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད།  དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་ཆེད། རང་ལྗོངས་ཀྱིས་དགེ་རྒན་གསོ་སྦྱོང་ཤུགས་ཆེན་བྱས་ནས་སྔོན་མའི་རྗེས་ལུས་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གྲྭ་ཉུང་བ་དང་། དགེ་རྒན་གྱི་གྲངས་འབོར་ཉུང་བའི་སྣང་ཚུལ་ལ་ལེགས་བཅོས་བྱས་ཡོད། བོད་ཀྱི་དགེ་རྒན་དཔུང་ཁག་གི་སྦྱོང་བརྡར་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་རྒན་གྱི་སྤུས་ཚད་གོང་མཐོར་བཏང་ཡོད།  གཞན་ཡང་གཞི་རིམ་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཆ་མང་དུ་བཏང་ནས་གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་ཡུལ་དེ་རང་དུ་སེམས་པ་གནས་ཐུབ་ཡོད།  ད་ཆ།  བོད་ཀྱིསརྒྱལ་ཁ་ལེན་ཐུབ་པདང་དམག་འཐབ་དྲགས་པོ་རྒྱག་ཐུབ་པའིདགེ་རྒན་གྱི་དཔུང་ཁག་ཞིག་གསོ་སྐྱོང་

བྱས་ཡོད། ཁོང་ཚོས་བོད་ཀྱི་ས་གནས་ཁག་ཏུ་སྐྱོད་དེ་བོད་ཀྱི་སློབ་གསོའི་བྱ་གཞག་ཐད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཡོད།

རང་ཉིད་ཀྱི་འབད་བརྩོན་ཕུད།  བོད་ཀྱི་སློབ་གསོའི་འཕེལ་རྒྱས་ནི་ཏང་དང་རྒྱལ་ཁབ། དེ་བཞིན་སྤུན་ཟླའི་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།  བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད་ཏང་ཀྲུང་དབྱང་གིས་སློབ་གསོའི་བོད་སྐྱོར་གྱི་གལ་ཆེའི་ཐབས་ཇུས་བཏོན་པ་མ་ཟད་ཚད་མཐོའི་མཐོང་ཆེན་གནང་ཡོད།  ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལག་བསྟར་བྱས་པ་ལས་སློབ་གསོའི་བོད་སྐྱོར་གྱི་ལེའུ་གསར་བརྩམས་ཡོད། ལྷག་པར་དུ། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་སྐྱོར་ཚོགས་པས་ལ་ཀླུང་སྟོང་ཕྲག་བརྒལ་ནས་བོད་དུ་ཕེབས་པ་དང་བོད་དུ་རྩ་བ་ཚུགས་པ་བྱས་ནས་སློབ་གསོ་ཤང་དུ་སླེབས་པ་དང་ལག་རྩལ་སྦྱོང་བརྡར། རྒྱང་རིང་སློབ་གསོའི་ཆ་འཕྲིན་ལག་རྩལ་སོགས་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཕྲུ་གུ་རྣམས་རང་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་བྱེད་ཐུབ་ཡོད། བོད་སྐྱོར་སློབ་གྲྭར་བརྟག་ཞིབ་གཏིང་ཟབ་བྱས་ཏེ་སློབ་མའི་གནས་ཚུལ་ཚང་མ་ཁོང་དུ་ཆུད་པ་བྱས་ནས་ས་གནས་འདི་གའི་དགེ་རྒན་དང་གྲོས་བསྡུར་གྱིས་ཡུལ་བབ་དང་མཐུན་པའི་སློབ་ཁྲིད་འཆར་གཞི་འགོད་ནས་སློབ་ཁྲིད་སྤུས་ཚད་གོང་ཐོར་བཏང་ཡོད།    ད་ཆ།  ཚོགས་སྒྲིག་རྣམ་པའིསློབ་གསོའི་བོད་སྐྱོར་ལས་དོན་བར་མཚམས་མེད་པར་ཟབ་ཏུ་འགྲོ་བ་དང་བསྟུན་བོད་ཀྱི་སློབ་གསོའི་དོ་དམ་དང་སློབ་ཁྲིད་ནུས་པ་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད།  སློབ་ཁྲིད་སྤུས་ཚད་དང་སློབ་ཁྲིད་ཁོར་ཡུག་ལ་མངོན་གསལ་དོད་པོའི་ལེགས་བཅོས་བྱུང་བས་བོད་ཀྱི་སློབ་གསོའི་བྱ་གཞག་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

དེ་རིང་།ང་ཚོ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ཏུ་ལངས་ནས་སྔར་སོང་གི་ལོ་བཅུ་ཕྲག་འགའི་བོད་ཀྱི་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་སྐབས་སླད་ཕྱིན་བོད་ཀྱི་སློབ་གསོའི་བྱ་གཞག་གིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་ཀྱི་སྔོན་བསུ་རྒྱུར་ཡིད་ཆེས་ཆེན་པོ་ཡོད།

                                           རྩོམ་སྒྲིག་པ།ཟླ་བ་སྒྲོལ་མ།

微信

抖音

邮箱

邮箱地址:xzwxbjb@sina.com