ས་གཙང་ཐོན་ལས་འཕེལ་རྒྱས་བཏང་ནས“བདེ་ཐང་གི་བོད་ལྗོངས”གཏོད།

发布时间:2023年12月15日 文章来源:

བོད་འདི་ཉིད་འཛམ་གླིང་ཐོག་གི་ཆེས་མཐའ་མའི་ས་གཙང་ཁུལ་ཞིག་ཡིན་པར་བརྗོད།  གནས་འདིར་དྭངས་གཙང་གི་མཁའ་རླུང་དང་ཆུ་འགོ  ས་རྒྱུ་བཅས་ཡོད་ཅིང་།  ལྷད་མེད་དྭངས་གཙང་དེ་ལྟ་བུ་ནི་གཅིག་ནས་མཐོ་སྒང་གི་མཁའ་རླུང་སྲབ་པ་དང་།  མི་འབོར་ཉུང་བ།  བཟོ་ལས་འཕེལ་རྒྱས་ཚད་ཡོད་ཡིན་པ།  སྣོད་བཅུད་བཟང་པོ་རྒྱུན་འཁྱོངས་བཅས་ལས་བྱུང་བ་དང་།  གཉིས་ནས་ས་མཐོའི་གནས་མཆོག་འདིའི་ཐོག་གི་ནང་ཆོས་དང་བབ་ཆགས་ཀྱི་དམངས་སྲོལ་རིག་གནས་ལས་བྱུང་བ་ཞིག་ཀྱང་རེད།    2013ལོའི་ཟླ་9པར་ལྷ་སས “ས་གཙང་ལྷད་མེད་ཐོན་ལས”འཕེལ་རྒྱས་གཏོང་རྒྱུ་ཐོག་མར་བཏོན་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཐོག་རྐང་པ་བཙུགས་ཏེ་དྭངས་གཙང་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་གཏོད་རྗེས་ཀྱི་གཙོ་རྟེན་ཐོན་ལས་གསར་པ་ཞིག་གཏོད་ཡོད།  

ཞིང་ལས་བསྒྱུར་བཅོས་གོ་སྐབས་སུ་བྱས་པ་དང་།  ལྗང་མདོག་ཐཱན་ཉུང་འདུ་ཤེས་སུ་བྱས།  “སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན”བྱེད་པ་དམིགས་ཚད་དུ་བྱས་ཏེ་ལྷ་སས་སྣེ་ཁྲིད་ནས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་གཏོང་བ་སྟེ།  མཚོ་བོད་ས་མཐོའི་རང་བྱུང་ཁོར་ཡུག་དང་སྦགས་བཙོག་མེད་པའི་རྩྭ་ཐང་།  འདེབས་ཞིང་།  ས་ཆུ་བཅས་མཐུན་རྐྱེན་དུ་བྱས་པ་དང་།  ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་ཐོན་སྐྱེད་ལ་སྐུལ་སྤེལ་གཏོང་རྒྱུ་རྨང་གཞིར་བྱས་ཤིང་།   ས་མཐོའི་སྐྱེ་ལྡན་ལྷད་མེད་ཟས་རིགས་དང་།  ས་མཐོའི་སྐྱེ་ལྡན་ཚེ་སྲོག་ཐོན་རྫས།   ས་མཐོའི་ལུས་ཁམས་བདེ་སྲུང་སྨན་རྒྱུ་གཙོ་བོར་བྱས་པའི་མཉམ་བསྡུས་རྣམ་པའི་ཐོན་ལས་གསར་སྤེལ་བྱས་ཡོད།
ལོ་གསུམ་གྱི་རིང་ལ་ལྷ་སས་ས་གཙང་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སི་བཙུགས་པ་དང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གཏོད་པ་ལས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།  ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་གནས་པའི་ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་དཔེ་སྟོན་ཁུལ་གྱིས་བེད་སྤྱོད་བྱེད་པའི་ལུད་ནི་ས་ཆ་འདི་གའམ་བོད་བྱང་ཐང་གི་འབྲོག་ཁུལ་ནས་དབོར་ཡོང་བའི་ལུག་གི་རིལ་མ་ཡིན་པ་དང་དེའི་ཐོག་རྫས་འགྱུར་ལུད་གང་ཡང་སྣོན་མེད་པ་རེད།   ཞིང་པ་རྣམས་ཀྱིས་ས་གཙང་ཐོན་ལས་གཉེར་བ་ལས་མུའུ་རེའི་ཡོང་འབབ་དེ་དེ་སྔོན་གྱི་སྲོལ་རྒྱུན་འདེབས་འཛུགས་ཀྱི་ལྡབ་11ཙམ་ཟིན་གྱི་ཡོད་པས་ཐོན་ཁུངས་ཁོར་ཡུག་གི“འབྱུང་ཁམས་ཁེ་སྤོགས”དངོས་སུ་ལོངས་སྤྱོད་བྱེད་རྒྱུ་བྱུང་བ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།  བདེ་འཇགས་དང་ལྷད་མེད་བཅས་ཀྱི་ཐོན་སྐྱེད་རྩ་དོན་གཞིར་བཟུང་ནས་གྲོང་མི་ཚོས་འོ་མ་གསོས་པ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད།          

ལྗང་མདོགནིལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ནང་གི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི་གྲས་ཤིག་ཡིན་ཅིང་།ས་གཙངགི་འདུ་ཤེས་ནི་ལྗང་མདོག་གི་འཆད་འགྲེལ་ཡག་ཤོས་དེ་ཡིན་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བེད་སྤྱོད་ལེགས་ཤོས་དེའང་རེད།  ས་གཙངཐོན་ལས་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་ལྷ་སའི་ལེའུ་གསར་པ་ཞིག་གི་འགོ་བརྩམས་ནས་བོད་ཀྱི་མི་དམངས་རྣམས་ལ་དེའི་ཁྲོད་ཀྱི་ཕན་པ་ཐོག་མར་ཐོབ་པ་རེད། ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་རིང་བོད་ཀྱིས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་།  ས་གཙང་ཐོན་ལས་ཁྱབ་གདལ་གཏོང་བ་ནི་དུས་རབས་ཀྱི་དགོས་མཁོ་དང་དམངས་སེམས་ཀྱི་ཕྱོགས་ཡུལ་ཞིག་ཀྱང་རེད།   ད་ཆ་ལྷ་སས་ས་གཙང་ཐོན་རྫས་ཕྱིར་ཚོང་བྱེད་ཚད་རྒྱ་སྐྱེད་ཧུར་ཐག་གཏོང་བཞིན་ཡོད་པས་རེ་བར་སླད་ཕྱིན་ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཁྲོམ་རའི་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས་མེས་རྒྱལ་ནང་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོག་བསྐྱོད་དེ་འཛམ་གླིང་གི་མི་དམངས་རྣམས་ལྷ་སའི་ས་གཙང་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་པ་བྱེད་རྒྱུ་ཡིན་པ་མ་ཟད། དེ་ཡང་འཛམ་གླིང་ཡོངས་ཀྱིས་སླར་ཡང་བོད་ལ་ངོས་འཛིན་དང་རྒྱུད་ལོན་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་རེད།

                                       རྩོམ་སྒྲིག་པ།ཟླ་བ་སྒྲོལ་མ།


微信

抖音

邮箱

邮箱地址:xzwxbjb@sina.com