“ལྕེ་རྩེའི་སྟེང་གི་བདེ་འཇགས”ལ་འགན་ལེན་བྱེད་དགོས།

发布时间:2023年12月15日 文章来源:

ཉེ་ཆར།རང་ལྗོངས་ཀྱི་འོ་བརྒྱལ་ཐང་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྡེ་ཁུལ་མི་དམངས་ཉེན་རྟོག་པས་འོ་རྩམ་རྫུན་མ་བཟོ་མཁན་གྱི་ཚང་ཞིག་གཏོར་ནས་ཉེན་ཅན་པ་འཛིན་བཟུང་བྱས་པའི་གསར་འགྱུར་ཞིག་གིས་མི་རྣམས་ཧང་སང་དགོས་བཟོས་པ་མ་ཟད་བཟའ་བཅའི་བདེ་འཇགས་ཀྱི་བརྗོད་གཞི་དེ་སླར་ཡང་ཉེན་ཁ་ཆེ་བའི་གནས་སུ་བསྐྱལ་ཡོད་པ་རེད།

བཟའ་བཅའི་བདེ་འཇགས་གླེང་ཚེ།  ཀྲུང་གོའི་མི་རྣམས་ཀྱིས་རྒྱུན་པརང་ཚོ་ནི་མི་གཞན་གྱིས་མི་དོ་བདངཀྲུང་གོའི་མིའི་ནད་འགོག་ནུས་པ་ཆེ་བསོགས་ཀྱི་སྐད་ཆས་རང་ཉིད་ལ་འཕྱ་སྨོད་བྱེད་ཀྱི་ཡོད།  སྐད་ཆ་དེ་དག་ལས་མི་དམངས་མང་ཚོགས་ཚོའི་ཐབས་མེད་དེ་མཚོན་ཡོད། དོན་དངོས་ཐོག སྨྱན་སྦྱོར་ཚན་པས་བཟའ་བཅའི་བདེ་འཇགས་ཐད་ཀྱི་གནད་དོན་དམར་རྗེན་དུ་སྟོན་རིམ་བཞིན་བྱ་ཐབས་ཡ་མཚན་ཅི་འདྲ་སྤྱད་པ་དང་མཇུག་འབྲས་བསམ་ཡུལ་ལས་འདས་པ་གང་ཡིན་རུང་།   མང་ཚོགས་མང་པོ་ཞིག་གིས་འདིར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།  གང་ལགས་ཞེ་ན་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ནི་སྔ་ས་ནས་མང་ཚོགས་ཚོའི་སེམས་ཀྱི་གཅོང་གནད་ཅིག་ཏུ་འགྱུར་ཟིན་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད།   དེར་བརྟེན།  ལྕེ་རྩེའི་སྟེང་གི་བདེ་འཇགསལ་འགན་ལེན་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་འགྱུར་ཡོད།   ད་ཐེངས་ཀྱི་གསར་འགྱུར་དེ་མཁོ་ན་ལ་བལྟས་ན།   བསམ་ཡུལ་ལས་འདས་པ་ཞིག་ལ་རྫུན་བཟོ་བ་འདི་ནི་ཧྲན་ཞི་གྱི་ཀུང་སི་ག་གེ་མོ་ཞིག་གིས་རིན་གོང་དམའ་པོས་ཚོང་རྟགས་མེད་པའི་འོ་རྩམ་ཞན་གྲས་ཉོ་སྒྲུབ་བྱས་ནས་རང་ཉིད་ཀྱིས་འཐུམ་སྒྲིལ་རྒྱག་པ་ དང་ཚོང་རྟགས་སྦྱར་ནས་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད།   ཁྲིམས་འགལ་བས་ཐོན་སྐྱེད་བྱེད་པ་ནས་བྲན་འཚོང་བྱེད་པའི་བརྒྱུད་རིམ་ཁྲོད་ཚང་མ་བདེ་བླགས་བྱུང་སྟབས་གོ་སྐབས་བཟུང་བ་དང་ཁེ་སྤོགས་ཟ་ཀྱི་ཡོད་པས་དེ་ཡང་སྙིང་སུ་ཡི་འགན་འཁྲི་ཡིན་ནམ།

དངོས་གནས་ཚོང་པ་རྫུན་མ་དེ་ཚོར་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས་འདུག་ལ་ཉེས་དོན་འགན་འཁྲི་ཡང་འཁུར་དུ་བཅུག་དགོས་འདུག   འོན་ཀྱང་ལྟ་སྐུལ་དོ་དམ་ཚན་པས་ཀྱང་ཁྲིམས་འཛིན་ནུས་པ་ཤུགས་ཆེར་གཏོང་དགོས་འདུག་སྟེ་སྣེ་མང་མཉམ་འཛིན་བྱས་ན་སྣང་ཚུལ་དེ་རིགས་གཞི་ནས་ཚད་གཞི་སྔར་བའི་མཐོ་བའི་སྒོ་ནས་བཀག་འགོག་བྱེད་ཐུབ།  གལ་སྲིད་སྲིད་གཞུང་གིས་ཁྲིམས་ལུགས་བརྩི་སྲུང་མི་བྱེད་པ་དང་ཁྲིམས་ལག་བསྟར་ནན་པོ་མ་བྱས་པའམ་ཡང་ན་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་ཁྲིམས་འགལ་ཁེ་ལས་ལ་འགེབས་སྲུང་བྱས་ཏེ།  ནུས་ལྡན་སྒོ་ནས་ཁྲོམ་རར་དོ་དམ་བྱེད་མི་ཐུབ་ཚེ་ཁེ་ལས་ཀྱིས་ཀྱང་ཁྲིམས་ལུགས་ལ་བརྩི་སྲུང་ནན་པོ་མི་བྱེད་པས་རང་བཞིན་གྱིས་ཁྲིམས་འགལ་གྱི་བྱ་བ་བྱེད་རྒྱུ་རེད།

དེར་བརྟེན།  འབྲེལ་ཡོད་ཚན་པས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིབ་བཤེར་དང་ལྟ་སྐུལ།  ཆད་གཅོད།  དེ་བཞིན་རྗེས་མཐུད་དོ་དམ་སོགས་བརྒྱུད་རིམ་ཁག་གི་ལས་དོན་ལེགས་པོ་གྲུབ་དགོས།  འགན་འཁྲི་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་སྔར་བའི་སྒོ་ནས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས་པ་དང་རིམ་པ་བཞིན་རིམ་དབྱེ་བྱས་ནས་བཟའ་བཅའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་སྐུལ་ཁྲིད་གཏོང་དགོས་པ་དང་དུས་མཚུངས་འཛད་སྤྱོད་པར་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ།   རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱས་ནས་མི་ཚང་མས་བཟའ་བཅའི་བདེ་འཇགས་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། སྒྲིག་ཁྲིམས་ལ་བརྩི་སྲུང་དེ་ལས་གཉེར་བའི་མ་མཐའི་མཚམས་ཐིག་ཞིག་ཏུ་གྱུར་བ་བྱེད་དགོས།  ང་ཚོས་ཤེས་གསལ་ལྟར་བཟའ་བཅའི་ལས་རིགས་འདིར་ཁེ་ལས་ཆེན་པོ་ཡོད་ལ་ཡང་ཟ་ཁང་ཆུང་ཆུང་ཡང་མི་ཉུང་བ་ཞིག་ཡོད།  ཁེ་ལས་ཆེན་པོ་ཡིན་ནའང་འདྲ་ཟ་ཁང་ཆུང་ཆུང་ཡིན་ཡང་རུང་ཚང་མའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་ཡིད་རྟོན་མིང་ཐོའི་ལམ་ལུགས་འཙུགས་ནས་ཡིད་རྟོན་མེད་པ་དང་མཚམས་ཐིག་མེད་པའི་ཚོང་པ་དག་མུ་མཐུད་ནས་ཁྲོམ་རའི་ཐོག་ཚོང་གཉེར་བྱེད་རྒྱུ་མེད་པ་བཟོས་ཏེ་མང་ཚོགས་ཀྱིལྕེ་རྩེའི་སྟེང་གི་བདེ་འཇགསལ་དོན་དངོས་ཀྱི་འགན་ལེན་བྱེད་དགོས།

ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་ལམ་ལུགས་ཀྱི་འཛུགས་སྐྱོང་མཁོ་ནས་གནད་དོན་ཚང་མ་ཐག་གཅོད་བྱེད་མི་ཐུབ་པས་ད་དུང་ཡང་མི་རྣམས་ཀྱིས་ཐམས་ཅདདངུལ་ལ་ཕྱོགསཔའི་སྤྱི་ཚོགས་ཀྱི་སེམས་ཁམས་འདིར་ངེས་པར་དུ་འགྱུར་ལྡོག་བཏང་ནས་མི་འགའ་ཞིག་གིས་རང་ཉིད་ཀྱི་ཁེ་ཕན་གྱི་དོན་དུ་འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྣང་མེད་བྱེད་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས།    བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྲིད་གཞུང་གི་བློ་རིག་དང་འབད་བརྩོན་དགོས་པ་ཕུད་ད་དུང་མི་དམངས་ཀྱི་སྟོབས་ཤུགས་ལྡན་དགོས།  དེ་ལྟར་བྱས་ཚེ་གཞི་ནསལྕེ་རྩེའི་སྟེང་གི་བདེ་འཇགསལ་དོན་ངོ་མའིི་འགན་ལེན་བྱེད་ཐུབ།

                                        རྩོམ་སྒྲིག་པ།ཟླ་བ་སྒྲོལ་མ།


微信

抖音

邮箱

邮箱地址:xzwxbjb@sina.com