བྱ་གཞག་དྲང་པོར་གཏོད་ནས་ཁེ་ལས་འཕེལ་རྒྱས་ལ་རོགས་འདེག་བྱེད།

发布时间:2023年12月15日 文章来源:

དམངས་ཡོངས་གསར་གཏོད་ལ་འབད་པའི་དུས་རབས་ཤིག་ལ་བྱ་གཞག་དྲང་པོར་གཏོད་དགོས་པ་དེ་འགལ་བ་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་དེ་གཉིས་ཕན་ཚུན་གཅིག་ཕན་གཅིག་རོགས་ཤིག་ཡིན། བྱ་གཞག་དྲང་པོར་གཏོད་ཚེ་གསར་གཏོད་བྱེད་པའི་གོ་སྐབས་ཡོད་དེ།  གསར་གཏོད་ནི་བྱ་གཞག་དྲང་པོར་གཏོད་པའི་མངོན་ཚུལ་ཞིག་རེད། བྱ་གཞག་དྲང་པོར་གཏོད་དགོས་ཏེ་ཕྱོགས་གཅིག་ནས་བྱ་གཞག་གཏོད་པའི་རྒྱུད་རིམ་དྲང་པོ་དགོས།  ཕྱོགས་གཞན་ཞིག་ནས་བྱ་གཞག་གཏོད་རྗེས་ཀྱི་གྲུབ་འབྲས་དྲང་ལྡན་ཡིན་དགོས། བྱ་གཞག་གཏོད་པའི་རྒྱུད་རིམ་དྲང་པོ་དགོས་ཞེས་པ་ནི་བྱ་གཞག་གཏོད་མཁན་རང་ཉིད་དངོས་དངོས་སྦྱིན་སྦྱིན་ཞིག་དགོས་པ་དང་།   རྣམ་འགྱུར་ལེགས་པོ།  གསར་གཏོད་ཀྱི་ངོ་བོ་དམ་འཛིན་བྱེད་པ་ལས་རྟག་ཏུ་སླ་བཅོས་བྱེད་མི་རུང་།  བྱ་གཞག་གཏོད་རྗེས་ཀྱི་གྲུབ་འབྲས་ནི་བྱ་གཞགག་གཏོད་མཁན་གྱི་བྱ་གཞག་གཏོད་ཐུབ་པ་མ་ཟད་གྲུབ་འབྲས་གཏོད་དེ་གསར་གཏོད་མངོན་འགྱུར་ཡོང་བ་བྱེད་དགོས།           

བོད་དུ་གླེང་རིན་ཡོད་པ་ཞིག་ནི་ལྷ་སའི་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ ཀུང་སི་དེ་ཡིན། ལྷ་སའི་ས་གཙང་ཐོན་ལས་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཁོར་ཡུག་སྲུང་སྐྱོང་ལ་ཉིན་རེ་བཞིན་མཐོང་ཆེན་དང་རྒྱུན་མཐུད་འཕེལ་རྒྱས་ཐབས་ཕྱོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་དང་། མཚོ་བོད་ས་མཐོའི་ཁྱད་འཕགས་ཆ་རྐྱེན་འཛོམས་པའི་ཆུ་དང་།  ས།  རླུང་།འབྱུང་ཁམས་ཁོར་ཡུག“སྦགས་གཙོག་མི་བྱེད་པ་བཞིའི”ཐོན་ཁུངས་ལེགས་ཆའི་ཐོག་གནས་ཡོད།   ཁྱད་ཆོས་མངོན་གསལ་དོད་པའི་ས་གཙང་བདེ་ཐང་ཐོན་ལས་འཛུགས་སྐྱོང་དང་།  བོད་ཀྱི་ཁྱད་ལྡན་ཐོན་རྫས་ལ་ངག་ཐོག་སྔག་བརྗོད་ཐོབ་པ་ལས་གྲགས་ཅན་ཚོང་རྟགས་མེད་པའི་གནས་བབ་མཇུག་སྒྲིལ་བ་རེད།   དེང་སྐབས་ལྷ་སའི་ས་གཙང་ཐོན་ལས་མཐོ་སྒང་ནས་ཐོན་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་སྟབས་བོད་ཀྱི་མིང་གྲགས་དང་ཤུགས་རྐྱེན་ཤུགས་ཆེར་ཕྱིན་ཡོད་པ་མ་ཟད་ད་དུང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ལས་ཞུགས་ལ་ནུས་པ་འདོན་ཡོད།

  དེ་ལས་མཐོང་ཐུབ་པ་ནི་བྱ་བ་ཚང་མ་དྲང་ལྡན་ངང་སྒྲུབ་དགོས་ཏེ།  རྩ་བ་ཚུགས་ཐུབ་པ། སྟོང་བསམ་དང་གཡོ་ཟོལ་མེད་པ།བདེན་འཚོལ་གྱི་རྣམ་འགྱུར།ཏན་ཏིག་འབད་པས་ལས་ཀ་བྱེད་པ། དེ་འདྲའི་ལས་ཀའི་རྣམ་འགྱུར་ལས་བྱ་གཞག་གཏོད་ཐུབ།བྱ་གཞག་དྲང་པོར་གཏོད་ན་བྱ་གཞག་ཡུན་རིང་གནས་ཐུབ་ལ་གསར་གཏོད་ཀྱིས་ཕྱུག་པ་མ་ཟད་རང་རྒྱལ་གྱི་ཁེ་ལས་སྔར་བས་ལྷག་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ།


རྩོམ་སྒྲིག་པ།ཟླ་བ་སྒྲོལ་མ།


微信

抖音

邮箱

邮箱地址:xzwxbjb@sina.com