འདི་ལོ་ནས་བཟུང་གནས་འཕྲོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད། ཆུ་གསུམ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དམ་འཛིན་བྱ་གཞིར་བྱས་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་དེ་བས་གཙང་སྦྲ་དོད་པ་དང་། གྲོང་ཚོ་དེ་བས་སྡོད་མལ་ལ་འཚམ་པ། བཅོས་སྐྱོང་དེ་བས་ནུས་ལྡན། འཚོ་བ་དེ་བས་ཡག་པ་བཅས་ཡོང་བར་བྱས་པ་རེད།
ཆུ་གསུམ་རྫོང་གིས་སྔ་རྗེས་སུ་ཚོགས་འདུ་ཐེངས་5འཚོགས་ཏེ“འཆར་གཞི་མང་པོ་གཅིག་འདུས”ཀྱི་སྤྱོད་གོ་ཆོད་པའི་གྲོང་ཚོའི་འཆར་འགོད་བཟོ་བའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ། གྲོང་ཁྱེར་དང་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་ཚོ་མཉམ་འདྲེས་དང་། གཅིག་སྡུད་རིམ་སྤོར། ཁྱད་ལྡན་སྲུང་སྐྱོང། སོར་འཇོག་ལེགས་གཏོང་སོགས་ཀྱི་རྣམ་གྲངས་ཆེ་གྲས་5ཁྱོན་ཡོངས་ནས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ཅིང་། དེར་གཅིག་སྡུད་རྣམ་པའི་མི་ཕྱུགས་ལོགས་དབྱེ་དང་། རླངས་འཁོར་འཇོག་ས། གཡུལ་ཁ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཚུད་ཡོད་པ་རེད། མིག་སྔའི་བར། དུད་ཁྱིམ་2946གི་མི་ཕྱུགས་ལོགས་སུ་དབྱེ་བ་དང་། དུད་ཁྱིམ་390གཅིག་སྡུད་ལོགས་སུ་དབྱེ་ནས་ལེགས་གྲུབ་བྱུང་ཚད་92.8%ཟིན་པ་དང་། དུད་ཁྱིམ་2866གི་གསང་སྤྱོད་སྒྱུར་བཀོད་བྱས་པར་ལེགས་གྲུབ་བྱུང་ཚད་88%ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་གཞི་གཅིག་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད།
ཆུ་གསུམ་རྫོང་གི་ཤང་དང་གྲོང་རྡལ་དང་གྲོང་ཚོ་མཉམ་སྡེབ་ཁག་གིས་མ་དངུལ་བཏང་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྤྱད་པ། འཕེལ་རྒྱས་མཉམ་སྐྲུན་དང་། འཛུགས་སྐྲུན་མཉམ་འདོམས། ཕན་འབྲས་མཉམ་དཔྱད། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་འབྲེལ་ཐག་བཙུགས་ནས་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྒྲིག་བྱེད་པར་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་ཕྱོགས་མང་པོ་མཉམ་ཞུགས་ལ་སྐུལ་འདེད་བཏང་ཡོད། འདི་ལོ་སྤྱི་འདོམས་འཆར་འགོད་དང་མ་དངུལ་བསྡུ་སྒྲིལ་བྱས་པའི་རྣམ་གྲངས་36ལག་བསྟར་བྱ་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.3བཏང་བ་དང་། གནས་འཕྲོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་7བསྐྲུན་པ། གྲོང་ཚོའི་འགྲོ་ལམ་དང་། ཆུ་འགྲོ གློག་སྒྲོན་སོགས་སྐྲུན་དགོས་རིགས་ཀྱི་རྨང་གཞིའི་སྒྲིག་ཚང་མ་བསྐྲུན་པས་གྲོང་ཚོའི་རྣམ་པ་མཛེས་སུ་དང་གྲོང་གསེབ་འཛུགས་སྐྲུན་གྱི་རིམ་པ་མཐོ་རུ་ཕྱིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྡོལ་མལ་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཆུ་གསུམ་རྫོང་2022ལོའི་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་དུ་བདམས་པ་དང་། 2023ལོའི་ལོ་སྟོད་དུ་གྲོང་ཁྱེར་རིམ་པའི“ཕུལ་བྱུང་རྫོང་དང་ཆུས”སུ་བདམས་ཡོད། རྫོང་ཡོངས་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་དང་སྐྱེ་ཁམས་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་སྣང་དེ་བས་འགན་ལེན་བཅས་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站