འགྲམ་འགག་སྒོ་ཤར་གཏོང་སླར་གསོ་ཐུབ་རྗེས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་10ཡན་ཟིན་པ།

发布时间:2023年12月08日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

 ཟླ་9ཚེས་1ཉིན་འགྲམ་འགག་སྒོ་ཤར་གཏོང་སླར་གསོ་བྱས་ཚུན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་ཞིང་། ཟླ་12ཚེས་4ཉིན་བར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་10ཡན་ཟིན་ཡོད་པ་རེད།

འགྲུལ་པ་མང་བའི་དུས་སུ་ང་ཚོ་ཚང་མས་ལས་ཀ་བྱས་ནས་བགྲོད་ལམ་མང་དུ་གཏོང་བ་དང་། འགྲུལ་པར་བརྟག་དཔྱད་ཞིབ་བཤེར། ཁ་འགྲེམས་ལ་ཁྲིད་སྟོན་བཅས་བྱས་ནས་ངལ་གསོ་འཁྱུག་ཙམ་ཡང་རྒྱག་གི་མེད་ཅེས་གཉའ་ནང་རྫོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཙེང་ཆི་མིང་གིས་གསར་འགོད་པར་བཤད་བྱུང་།

ཉིན་ཤས་བསྟུད་མར། གཉའ་ནང་རྫོང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ལས་སྒྲུབ་ཁྲིམས་སྒྱུར་ལས་དོན་གྱི་དོན་དངོས་དང་འགག་སྒོའི་འགག་སྒྲོལ་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་འགག་སྒྲོལ་འགྲུལ་པར་སྔོན་དཔག་དང་། ཉེན་རྟོག་པ་བཀོད་སྒྲིག་ལུགས་མཐུན། འགག་སྒྲོལ་བྱ་ཐབས་ལེགས་སུ་གཏོང་བ། ཆེད་དོན་ལས་ཀའི་ཇུས་གཞི་བཟོ་བ། ཉམས་མྱོང་ཆེ་བའི་ཞིབ་བཤེར་པ་ལས་གནས་སུ་གཏོང་བ། འགྲུལ་པར་འགག་སྒྲོལ་ལས་སྒྲུབ་ནང་སྦྱོང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་ཤར་བགྲོད་དང་བདེ་འཇགས་ཡོང་བར་བྱས་པ་རེད། 

རྩོམ་སྒྲིག་པ། ལྷག་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com