སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཡིན”ཞེས་ཐེངས་མང་གསུང་མྱོང་། བདེ་སྐྱིད་ཀྱིི་འཚོ་བ་ངོ་མ་ཐོབ་འདོད་ན་ངེས་པར་དུ་ཟོལ་བ་མེད་པའི་འབད་པ་ལྷོད་མེད་བྱེད་དགོས། ཟོལ་མེད་འབད་པ་ལ་བརྟེན་ན་གཞི་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་ཐོབ་ཐུབ་ལ། གཞི་ནས་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་དུས་རབས་གསར་པའི་འོག་གི་ཆེས་མང་བའི་ཐོབ་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་དང་ལྡན་པའི་འཚོ་བ་ཐོབ་ཐུབ། དེར་བརྟེན། དུས་རབས་གསར་པར་རང་ཅག་སྐྱེ་བོ་ཀུན་གྱིས་ཇི་ལྟར་བྱས་ནས་རླབས་ཆེན་གྱི་དུས་རབས་འདི་དང་མཐུན་པ་དང་། ཇི་ལྟར་བྱས་ནས་དུས་རབས་གསར་པའི་འབད་འཐབ་མཁན་ཞིག་བྱེད་མིན་ལ་མནོ་བསམ་གཏོང་དགོས།
འབད་འཐབ་བྱེད་པར་གཡོ་ཟོལ་མེད་པའི་ཕུགས་བསམ་གྱི་ཡིད་ཆེས་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བརྗིད་རླབས་ཆེ་བའི་དམིགས་ཡུལ་འཆར་བཀོད་བྱས་ཡོད། ང་ཚོས་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་འདུ་ཤེས་གོང་མཐོར་གཏོང་བ་དང་། ཀུན་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་དང་སྙིང་རུས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྣེ་ཁྲིད་འོག་རིག་གཞུང་སློབ་སྦྱོང་ཐད་ཤུགས་སྣོན་དང་རིག་གཞུང་ཐད་ཀྱི་བསམ་གཞིགས་ནུས་པ་གོང་མཐོར་གཏོང་དགོས། འབད་འཐབ་བྱེད་པར་ཕུན་སུམ་ཚོགས་པའི་རིག་གཞུང་ཤེས་བྱ་ལྡན་དགོས་ལ། འབད་འཐབ་བྱེད་པར་ཤེས་བྱ་སློབ་སྦྱོང་ལ་བརྟེན་ནས་རང་ཉིད་ཀྱི་ནུས་ཤུགས་མངོན་ཐུབ་པ་བྱེད་དགོས། ནུས་ཤུགས་དེའི་འབྱུང་ཁུངས་ནི་ཕུན་སུམ་ཚོགས་པའི་ཤེས་བྱ་དང་དུས་ཡུན་རིང་པོའི་མནོ་བསམ་དག་ཡིན། འབད་འཐབ་བྱེད་པར་རང་ཉིད་ཀྱི་ལས་གནས་ལ་དགའ་ཞེན་ལྡན་དགོས་ལ། ང་ཚོས་རང་ཉིད་ཀྱི་ལས་ཀའི་གལ་ཆེའི་རང་བཞིན་ངོས་འཛིན་གསལ་པོ་ཐུབ་པ་དགོས། རང་ཉིད་ཀྱི་ལས་ཀར་དགའ་ཞེན་དང་བརྩོན་ལེན་ལྡན་ཚེ་གཞི་ནས་བློ་རྩེ་གཅིག་ཏུ་འབྲེལ་ནས་རང་ཉིད་ཀྱི་ལས་ཀར་བརྩོན་སེམས་ཞིག་སྐྱེ་ཐུབ། ཧུར་བརྩོན་ཆེན་པོས་ལས་ཀའི་རྣམ་འགྱུར་དང་ལས་ཀའི་དགའ་ཞེན་གྱིས་ང་ཚོའི་ལས་གནས་ཐོག་འཕྲད་པའི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ལ། བརྒྱུད་རིམ་དེའི་ཁྲོད་རང་ཉིད་ཀྱི་རིན་ཐང་དང་བདེ་སྐྱིད་མངོན་ཐུབ།
中央部门网站
自治区部门网站
地(市)委部门网站
相关新闻网站