མི་རིགས་མཐུན་སྒྲིལ་གྱི་འགག་རྩ་ནི་སྙིང་གཏམ་ཤོད་རེས་བྱ་རྒྱུ་དེ་རེད།

发布时间:2023年11月16日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ཡོང་བར་བྱེད་པའི་འགག་རྩ་ནི་སྙིང་གཏམ་ཤོད་རེས་བྱ་རྒྱུ་དེ་ཡིན་པས། རང་སར་གཞན་འཇོག་དང་ཕན་ཚུན་བསམ་ཤེས་བྱེད་དགོས”ཞེས་མཛུབ་སྟོན་གནང་ཡོད། སེམས་པ་མཐུན་ན་བརྩེ་སེམས་འབྲེལ་ཐུབ་པ་དང་། འདུན་པ་མཐུན་ན་སྟོབས་ཤུགས་གཅིག་ཏུ་འགྲིལ། མི་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཁོང་ཡངས། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཚེ། གཞི་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ནས་མི་རིགས་མཐུན་སྒྲིལ་གྱི་སེམས་པ་གཅིག་མཐུན་གྱི་ཉམས་བཟང་ཆེན་པོ་འཛུགས་སྐྱོང་བྱེད་ཐུབ།

གཉེན་ཉེ་འབྲེལ་འདྲིས་ཆེ་ན་དེ་ཙམ་གྱིས་བརྩེ་བ་ཟབ་པ་དང་། བརྩེ་དུང་ཇི་ཙམ་ཟབ་ན་དེ་ཙམ་གྱིས་བློ་ཁ་མཐུན། སྙིང་གཏམ་ཤོད་པ་ཞེས་པ་ནི་སྙིང་གཏམ་ཤོད་པ་དང་གྲོགས་པོ་ངོ་མ་བསྒྲིགས་ནས་ཕན་ཚུན་ལ་བསམ་བློ་གཏོང་བ་དང་། གཞན་གྱི་སར་བསྡད་དེ་མི་ལ་བསམ་བློ་གཏོང་བ། ཧེ་བག་ལ་བརྩི་འཇོག་བྱེད་པ། སྣ་མང་ལ་ཁོང་ཡངས་བྱེད་པ། ལྷག་བསམ་ཟོལ་མེད་ངང་ལྟ་སྟངས་འཛིན་པ། གཅིག་སེམས་གཅིག་གཏད་བཅས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་བྱེད་པ་དེ་རེད། ཕར་ཕྱོགས་ཀྱི་མིང་བློ་ལ་ངེས་པ་ནས་བཟུང་ཕན་ཚུན་དབར་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་། མཉམ་དུ་ཁ་བརྡ་གློད་པ། སེམས་རྩ་འཁོལ་པོས་དཀའ་ངལ་སེལ་རོགས་བྱེད་པ། ཕན་ཚུན་འཕྲད་སྐབས་འཚམས་འདྲི་བྱེད་པ། དུས་ཆེན་རིང་ཕན་ཚུན་སྨོན་འདུན་ཞུ་བ། དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་པ་བཅས་ཀྱི་ཕར་བལྟས་ཚོད་དུ་དོན་དག་ཕྲན་བུ་ཞིག་ཡིན་པ་འདྲ་ནའང་། དེ་དག་ལས་ཁྲག་རྒྱུན་མཉམ་སྦྲེལ་དང་མཉམ་འདྲེས་འཚོ་གནས་ཀྱི“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག”ནམ་ཡང་བཞད་པར་ངེས།

རིམ་ཁག་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱ་སྤྱོད་སྤེལ་ནས་མཉམ་དུ་བརྩེ་དུང་སྤེལ་རེས་དང་། གསོ་སྐྱོང་། ཞི་མཐུན་བཅས་ཀྱི་ལས་ཀ་སྒྲུབ་དགོས། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་གཉེན་ཉེར་བརྩི་བ་དང་། གཞི་རིམ་དུ་མང་ཙམ་བསྐྱོད་པ། མང་ཚོགས་ཀྱི་ཁྱིམ་དུ་མང་ཙམ་བསྐྱོད་པ། རྒྱུན་དུ་མི་རིགས་ཁག་གི་མང་ཚོགས་དང་སྐད་ཆ་ཤོད་རེས་བྱས་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ཡུལ་ཤེས་རྟོགས་མང་ཙམ་བྱས་ཏེ། ཡིད་ཆེས་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་དྲོད་པ། སེམས་མཐུན་གཏོད་པ་བཅས་ཀྱི་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཟོལ་མེད་བརྩེ་བ་ཚོར་བར་བྱེད་དགོས།

རྩོམ་སྒྲིག་པ། པ་སངས་སྒྲོལ་དཀར།


微信

抖音

邮箱

邮箱地址:xzwxbjb@sina.com