གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ཐབས་གསར་པ་བཏོད་པ།

发布时间:2023年11月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

འདི་ལོའི་ཟླ་8པར། རྒྱལ་ལམ་318ཀྱི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་རྒྱ་སྐྱེད་དང་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ས་བཅོས་སྒྲིག་གི་རྣམ་གྲངས་སྤེལ་འགོ་ཚུགས་ཤིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཕུག་ཤང་ཨ་ཤི་གྲོང་ཚོ་དང་མདའ་པ་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྗེས་ཨར་སྐྲུན་ཕྱོགས་དང་འབྲེལ་བ་བྱེད་རིང་བྱེ་རྡོ་སྐྱེལ་འདྲེན་གྱི་རིན་གོང་ཐད་ལྟ་བ་མི་མཐུན་པས་སྐབས་ཤིག་རིང་རྣམ་གྲངས་མཚམས་འཇོག་དགོས་བྱུང་ཡོད། རྗེས་སུ་ཤང“རིམ་གསུམ་ཞི་གྲོས”ཀྱི་མང་ཚོགས་མཉམ་གྲོས་འདུམ་འགྲིག་གི་ལས་དོན་སྤེལ་སྟངས་ཀྱིས་འགལ་ཟླ་བདེ་བླག་ངང་འདུམ་འགྲིག་བྱས། ད་ཐེངས་ཀྱི་འགལ་ཟླ་འདུམ་འགྲིག་ནི“རིམ་གསུམ་ཞི་གྲོས”ཀྱི་མང་ཚོགས་མཉམ་གྲོས་འདུམ་འགྲིག་གི་ལས་དོན་སྤེལ་སྟངས་གཞི་རིམ་དུ་སྤྱད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པས། མི་དམངས་མང་ཚོགས་ཚོར་དེའི་ཁྲོད་ནས་ཕན་པ་ཐོབ་སྟེ་ཨ་ཤི་གྲོང་ཚོ་དང་མདའ་པ་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་ལ་འབབ་འཕར་སྒོར་ཁྲི་200ལྷག་ཙམ་བྱུང་བ་མ་ཟད། རྫོང་ཡོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་ལག་བསྟར་དང་ལམ་སྐྲུན་ཚན་པ་དང་ས་གནས་མཉམ་སྐྲུན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར“གཡུ་ཕུག་གི་ལས་དོན་སྤེལ་སྟངས”མཁོ་འདོན་ཡང་བྱས་ཡོད་པ་རེད།

—— “ཞི་གྲོས”གྱི་རྩ་འཛུགས་བཙུགས་ནས“ཞི་གྲོས”ཀྱི་བྱེད་སྟངས་བཟོས་ཏེ“ཞི་གྲོས”ཀྱི་རྣམ་པ་ཞིག་ཆགས་ཤིང་། སྤོ་བོ་རྫོང་གིས་ལག་བསྟར་ཇུས་གཞི་དང་། ཞི་གྲོས་པའི་འགན་འཁྲི། བྱ་དགའ་སྤྲོད་ཐབས་སོགས་ཀྱི་ལམ་ལུགས་བཟོས་པ་དང་། ཞི་གྲོས་ཁང་འཛུགས་པ་དང་ཡོངས་བསྒྲགས་སྒྲོམ་བཟོ་བ། ཤང་གི་ལས་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། གྲོང་སྡོད་ལས་དོན་རུ་ཁག “འཐུས་མི་གཉིས་དང་ཨུ་ཡོན་གཅིག”ཏང་ཡོན་རྒན་གྲས། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སོགས་ལས་གྲུབ་པའི་ཞི་གྲོས་པའི་དཔུང་ཁག་བཙུགས་ནས། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་གཏིང་ཟབ་སྤེལ་བས། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དུས་ཐོག་ནུས་ཆེ་དང་། ཁྱབ་རྒྱ་ཆེ་བ། ཐག་གཅོད་ཀྱི་བརྒྱུད་རིམ་ཁྲིམས་མཐུན་བཅས་བྱུང་ནས། འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་བ་དང་གཞི་རིམ་དུ་འདུམ་འགྲིག་བྱས་ཡོད་པ་རེད།

—— “རིམ་པ་དང་པོའི་ཞི་གྲོས”ལ་དམ་འཛིན་ཏན་ཏིག་བྱས་ཤིང་། རྫོང་ཡོངས་ཀྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིས་གཙོ་བོར་སྣེ་ཁྲིད་པ་དང་ཏང་ཡོན་རྒན་གྲས་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དེའི་ནང་ཞུགས་ནས། སྤོ་བོ་རྫོང་གིས་དུད་སྦྲེལ་སྤྱི་མི་880དང་། ཏང་ཡོན་རྒན་གྲས་192ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་226བཅས་ཀྱི“མདུན་གྲལ་གྱི་འདུམ་འགྲིག”གི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱས་ནས། མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་དོ་ཁུར་དང་དུས་ཐོག་ཏུ་འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱས་ཏེ། འགལ་ཟླ་དང་རྩོད་གཞི་ཐོན་རྗེས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་ནས་འདུམ་འགྲིག་ཐུབ་པ་བྱས་ཡོད། ལོ་ལྔའི་རིང“རིམ་པ་དང་པོའི་ཞི་གྲོས”ནང་ཁྱོན་རྩོད་གཞི་496འདུམ་འགྲིག་བྱས་པ་དང་རྩོད་གཞི་248འདུམ་འགྲིག་ཐུབ་ནས་འདུམ་འགྲིག་ཐུབ་ཚད་50%ཟིན་ཡོད་པ་རེད།

—— “རིམ་གཉིས་ཞི་གྲོས”མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་གྲོང་ཚོ་རིམ་པའི་འགལ་ཟླ“གྲོང་ཚོ་ནས་འདུམ་འགྲིག་བྱེད་པ”མཐའ་འཁྱོངས་བྱས་ཏེ། རིམ་པ་དང་པོའི་ཞི་གྲོས་པས་འདུམ་འགྲིག་བྱེད་ཐབས་བྲལ་བའི་འགལ་ཟླ་དང་རྩོད་གཞི། དེ་བཞིན་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་དཀའ་བའི་གནད་དོན་ལ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་སྣེ་ཁྲིད་པ་དང་། གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་མི། བདེ་འཇགས་ཨུ་ཡོན། མི་དམངས་འདུམ་འགྲིག་པ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་ངོ་ཐུག་གདོང་འཕྲད་ཀྱིས་ཁྲིད་སྟོན་དང་། བཞུགས་མོལ་ཚོགས་འདུ་འཚོགས་ནས་གཅིག་སྡུད་ཁྲིད་སྟོན། རྒྱུན་གཏན་གྱི་ཁ་ཏ་བསླབ་བྱ་སོགས་ཀྱི་བྱེད་ཐབས་སྤྱད་ནས“རིམ་གཉིས་ཞི་གྲོས”ལག་ལེན་བསྟར་ཏེ། གྲོང་ཚོའི(གྲོང་ལྷན)རིམ་གཉིས་ཞི་གྲོས་པའི“གཙོ་ཤུགས་དམག”གི་ནུས་པ་མངོན་གསལ་དོད་དུ་བཏང་ཡོད། མིག་སྔའི་བར“རིམ་པ་དང་པོའི་ཞི་གྲོས”གྱི་རྨང་གཞིའི་ཐོག“རིམ་གཉིས་ཞི་གྲོས”ནང་ཁྱོན་རྩོད་གཞི་191འདུམ་འགྲིག་ཐུབ་ནས་འདུམ་འགྲིག་ཐུབ་ཚད་77.01%ཟིན་ཡོད་པ་རེད།

—— “རིམ་གསུམ་ཞི་གྲོས”ནན་དུ་བཏང་ཞིང་། སྤོ་བོ་རྫོང་གིས་ཤང་རིམ་པའི་ངོས་ནས“རིམ་གསུམ་ཞི་གྲོས”བཀོད་སྒྲིག་བྱས་པ་བརྒྱུད། “རིམ་གཉིས་ཞི་གྲོས”ནང་སྔར་བཞིན་ཐག་གཅོད་མི་ཐུབ་པའི་དཀའ་གནད་དང་། སྲིད་འཛིན་གྲོང་ཚོ་ཁག་དབར་དང་འབྲེལ་བའི་གླེང་མང་བའི་དཀའ་གནད་དང་མངོན་གསལ་དོད་པའི་གནད་དོན་ལ་ཤང་གི་ཏང་སྲིད་འགོ་ཁྲིད་དང་། ཡུག་སྦྲེལ་འགོ་ཁྲིད། གནས་སྦྱར་མི་དམངས་ཉེན་རྟོག་པ་བཅས་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། གྲོང་ཚོར(དུད་ཚང)བཅའ་ཁྲིམས་ཁྱབ་གདལ་དང་། ཁྲིམས་འཛིན་བར་ཞུགས། སྲིད་འཛིན་ཁྲིམས་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགལ་ཟླ་དང་རྩོད་གཞི་མཐའ་གཅིག་ཏུ་ཤང་ཁོངས་སུ་ཐག་གཅོད་བྱས་ཡོད། མིག་སྔའི་བར་རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཞི་གྲོས་ཀྱི་རྨང་གཞིའི་འོག “རིམ་གསུམ་ཞི་གྲོས”ཀྱིས་རྩོད་གཞི་48འདུམ་འགྲིག་ཐུབ་ནས་འདུམ་འགྲིག་ཐུབ་ཚད་84.21%ཟིན་ཡོད་པ་རེད།

“རིམ་གསུམ་ཞི་གྲོས”ཀྱི་ལམ་སྲོལ་སྔར་བས་ཡག་པོ་སྤྱོད་ཆེད། སྤོ་བོ་རྫོང་གིས་འགལ་ཟླ་དང་རྩོད་གཞི་འོས་འཚམ་ངང་འདུམ་འགྲིག་དང་དཀའ་གནད་སེལ་བ་དང་འཕེལ་རྒྱས་དོན་གཉེར་བྱེད་རིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པ་སྔར་བས་ཤར་གཏོང་ཐུབ་པ་བྱས་ནས། གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདུན་པ་བསྡུ་ལེན་བྱེད་མཁན་མཐའ་མ་དེ་ཡིན་པའི་རིམ་ཁག་ཞི་གྲོས་པས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། རེ་སྒུག་ཤེས་རྟོགས་བཅས་གང་ཐུབ་བྱས་པ་མ་ཟད། ཤང་དང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་ལ་དུས་ཐོག་ཏུ་གནས་ཚུལ་གསལ་ཞུ་ཡང་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་རིམ་ཁག་ཞི་གྲོས་པས་རིམ་རྩིས་བྱས་ན་འགལ་ཟླ་དང་རྩོད་གཞི་ཐེངས་5160ལྷག་ཙམ་གྲལ་བཤེར་བྱས་པ་དང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱིམ་ཚང་གི་འགལ་ཟླ་དང་ཁྱིམ་མཚེས་ཀྱི་རྩོད་གཞི་སོགས་270ལྷག་ཙམ་འདུམ་འགྲིག་བྱས་པ་རེད། 

རྩོམ་སྒྲིག་པ། ཀརྨ་སྒྲོལ་མ། 

微信

抖音

邮箱

邮箱地址:xzwxbjb@sina.com