སློབ་གསོ་ནི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་སློབ་གསོ་ནི་མངའ་བདག་ཆེན་པོ་གསུམ་གྱི་བུ་ཕྲུག་གིས་ལོངས་སྤྱོད་ཐུབ་པའི་དམིགས་བསལ་དབང་ཆ་ཞིག་ཡིན་པ་ལས་རྒྱ་ཆེའི་ཞིང་བྲན་གྱི་བུ་ཕྲུག་ཚོར་སློབ་གསོ་མྱོང་བའི་དབང་ཆ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་སློབ་གསོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ལ་ལོ་15རིང་གི་གཞུང་གྲོན་སློབ་གསོ་ལག་བསྟར་བྱས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་སློབ་གྲྭར་བསྐྱོད་པར“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དེས་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་ནས་ཕྲུ་གུ་ཚང་མར་འདྲ་མཉམ་ངང་སློབ་གསོ་མྱོང་བའི་དབང་ཆ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
ད་ལྟའི་བོད་ཀྱི་སློབ་གསོའི་མ་ལག་ནི་རྒྱ་ཆེའི་མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོའི་མ་ལག་ཞིག་ཏུ་འགྱུར་ཡོད་པ་མ་ཟད་ལྷག་པར་དུ་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།
中央部门网站
自治区部门网站
地(市)委部门网站
相关新闻网站