མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་པ།

发布时间:2023年10月16日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར། 文章作者:ཟླ་སྒྲོན།

ཟླ་6ཚེས་25ནས་ཟླ་9ཚེས་30ཉིན་བར་དབྱར་དུས་ཀྱི་བདེ་འཇགས་སྐོར་གྱི་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་རྡུག་རྡེག་དང་། སྔོན་འགོག དོ་དམ། བཅོས་སྒྲིག འཛུགས་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ། སྔ་རྗེས་སུ་དབྱར་དུས་མཚན་མོའི་བདེ་འཇགས་སྐོར་ཞིབ་ཀྱི་དྲིལ་བསྒྲགས་དང་འགོག་ཟོན་གཅིག་སྡུད་ཀྱི་གཅིག་གྱུར་བྱ་སྤྱོད་ཐེངས་5སྤེལ་བར། རིམ་རྩིས་བྱས་ན་ཉེས་དོན་གྱོད་གཞི་སྣ་ཚོགས་ཁག་701རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་681བཟུང་ཡོད། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་3063ཞིབ་བཤེར་བྱས་ནས་བསལ་བ་དང་། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་7600ལྷག་ཙམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

རྡུང་རྡེག་ནན་པོས་བཅོས་སྒྲིག་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་ནས་བྱ་ཐབས་ནན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱས་ཡོད། “འཆལ་རྒྱན་དུག་གསུམ”དང་། “རྐུ་འཕྲོག་བསླུ་གསུམ” གློག་འཕྲིན་ཁ་བསླུས་སོགས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་དམ་པོར་དམིགས་ནས། ཉེན་རྟོག་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་ཀྱིས་ནུས་ཤུགས་ཡོད་རྒུས་གྱོད་གཞི་ཆེ་གྲས་མྱུལ་ཞིབ་དང་། གྱོད་གཞི་རྙིང་པ་ཐག་གཅོད། གྱོད་གཞི་ཆུང་གྲས་རྩད་གཅོད་བཅས་བྱས་པས། ཁྱོན་ཉེས་དོན་གྱོད་གཞི་སྣ་ཚོགས་701རྩད་ཆོད་ཡོད། ཁ་བསླུས་ཐེབས་ཉེན་ཡོད་པའི་མི་ཐེངས་ཁྲི་15.36ལ་སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ་བཀག་སྡོམ་བསླབ་བྱ་བྱས་ནས། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་1300ལྷག་ཙམ་མི་ཕོག་པ་བྱས་པ་རེད།

རྩོམ་སྒྲིག་པ། ཟླ་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com