ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱོད་གཙང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

发布时间:2023年10月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར། 文章作者:པ་སངས་སྒྲོལ་དཀར།

“ཏང་ཡོན་ལས་བྱེད་པའི་ཁྱིམ་སྲོལ་ནི་མི་སྒེར་གྱི་དོན་ཆུང་དང་ཁྱིམ་ཚང་གི་སྒེར་དོན་ཞིག་མིན་པར་དེ་ཐོག་ནས་ལས་བྱེད་པའི་སྤྱོད་ཚུལ་མཚོན་གྱི་ཡོད། ངས《ཉེན་བརྡའི་ཟིན་ཐོའི》ནང་གི་གྱོད་དཔེ་དཔྱད་གཞིར་འཛིན་ནས་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་དང་བཟའ་མི་བུ་ཕྲུག་ལ་དོ་དམ་ཡག་པོ་བྱས་ཏེ་སྤྱོད་གཙང་གི་མི་ཞིག་བྱེད་ཀྱི་ཡིན”ཞེས་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་ཞིག་གིས《ཁྱིམ་སྲོལ་མེ་ལོང—འགོ་ཁྲིད་ལས་བྱེད་པའི་ཁྱིམ་སྲོལ་ཡག་པོ་མེད་པའི་དཔེ་མཚོན་གྱོད་གཞིའི་ཉེན་བརྡའི་ཟིན་ཐོ》བལྟས་རྗེས་དེ་ལྟར་བཤད།

ཁྱིམ་སྲོལ་འཛུགས་སྐྱོང་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་བཟང་པོ་དང་དེ་བཞིན་སྤྱོད་གཙང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་གཏོད་པའི་འགན་སྲུང་གལ་ཆེན་ཞིག་རེད། 2021ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཡོན་ལས་བྱེད་པའི་ཁྱིམ་སྲོལ་འཛུགས་སྐྱོང་གནས་བབ་གལ་ཆེན་དུ་བཞག་ནས་ཏང་ཡོན་ལས་བྱེད་པའི་ཁྱིམ་སྲོལ་སློབ་གསོའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་དྲང་ཕྱོགས་ནས་སྣེ་ཁྲིད་དང་ལྡོག་ཕྱོགས་ནས་ཉེན་བརྡ་གཏོང་བའི་བྱེད་ཐབས་ཟུང་འབྲེལ་མཐའ་འཁྱོངས་དང་། ལས་ཀར་གསར་དུ་འཛུལ་མཁན་དང་། གསར་དུ་གོ་གནས་སྤར་བ། གསར་དུ་ལས་སྒྱུར་བྱས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་གཙོ་བོར་བཟུང་བ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་གཙིགས་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱུན་དུ་སློབ་སྦྱོང་དང《ཁྱིམ་སྲོལ་མེ་ལོང—འགོ་ཁྲིད་ལས་བྱེད་པའི་ཁྱིམ་སྲོལ་ཡག་པོ་མེད་པའི་དཔེ་མཚོན་གྱོད་གཞིའི་ཉེན་བརྡའི་ཟིན་ཐོ》དང་ཉེན་ཟོན་སློབ་གསོའི་གློག་བརྙན་རྒྱུན་དུ་ལྟ་བ། ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཁྱིམ་སྲོལ་བཟང་པོ་གཏོད་པར་ཁྲིད་སྟོན་བཅས་བྱས་ནས་རུལ་རྒོལ་གཙང་སྤེལ་གྱི་ཁྱིམ་ཚང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

“ཁྱིམ་སྲོལ་འཛུགས་སྐྱོང་བྱེད་རིང་ནང་མིའི་ནུས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཏང་ཡོན་ལས་བྱེད་པའི་ཁྱིམ་སྲོལ་སློབ་གསོར་མཐོང་ཆེན་བྱེད་དགོས་ལ། ལྟ་སྐུལ་གྱི་འགག་སྒོ་ནན་པོར་སྲུང་བ་དང་། སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པའི་ནང་མི་སྲིད་གཙང་ཉེན་ཟོན་སློབ་གསོའི་དྲིལ་བསྒྲགས་བྱ་ཡུལ་དུ་བརྩི་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ཟླ་བ་གོ་སྐབས་སུ་བྱེད་པ། གྲོང་ཁྱེར་ཡོངས་སུ‘སྤྱོད་གཙང་ཁྱིམ་དར་·སྤྱོད་གཙང་ཁྱིམ་སྐྱོང’གི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ཁྱིམ་ཚང་གིས་སྤྱོད་གཙང་ལ་རམ་འདེགས་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་གི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱིམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་པ་མ་ཟད། སྤྱོད་གཙང་རིག་གནས་འཛུགས་སྐྱོང་དང་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཁྱིམ་སྲོལ་འཛུགས་སྐྱོང་གི་གཞི་རྟེན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བརྒྱུད་བསྒྲགས་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་ཏང་ཡོན་ལས་བྱེད་པའི་ཁྱད་ཆོས་ལ་དམིགས་པ་བཅས་བྱས་ཏེ་དམིགས་སའི་རང་བཞིན་གྱི“ཁྱིམ་སྲོལ་སློབ་གསོའི་བྱེད་ཐབས”བཏོན་ཡོད།

བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“འགག་རྩའི་ལས་གནས”ཀྱི་མི་སྣར“སྤྱོད་གཙང་གི་ཁྱིམ་ཚང་བཅར་འདྲིའི”བྱེད་སྒོ་སྤེལ་ཏེ་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་བྱ་རྒྱུ་མཐའ་འཁྱོངས་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པའི་བསམ་བློའི་གནས་ཚུལདང་། རྒྱུན་གཏན་གྱི་བྱེད་སྒོ། དགའ་ཕྱོགས། འཚོ་བའི་གནས་ཚུལ། ཁྱིམ་སྲོལ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་ཐོན་བཟོ་ཡོད་པའི་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན། མངོན་མེད་རང་བཞིན་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ་ཏང་ཡོན་ལས་བྱེད་པས་རང་བརྟག་དང་། རང་བཤེར། རང་ཟོན་བཅས་ལ་སྐུལ་འདེད་བཏང་ཡོད།

ཀོང་པོ་རྒྱ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཁྱིམ་ཚང་གིས་སྤྱོད་གཙང་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཏང་ཡོན་ལས་བྱེད་པའི་ནང་མིའི་འཐུས་མི་20ལྷག་ཙམ་ལ《སྤྱོད་གཙང་དར་སྤེལ་གྱི་གྲོས་འགོའི་ཡི་གེ》སྤྲད་པ་མ་ཟད། ཏང་ཡོན་ལས་བྱེད་པའི་ནང་མིས《ཁྱིམ་ཚང་གིས་སྤྱོད་གཙང་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི་ཁས་ལེན་ཡི་གེ》འཇོག་རྒྱུ་དར་སྤེལ་བཏང་བ་དང་འབྲེལ་ཁོང་ཚོས་སྒྲིག་ཁྲིམས་ཁྲིམས་སྲོལ་ཤོད་པ་དང་། ཁྱིམ་ཚང་གི་སྤྱོད་གཙང་གཏམ་རྒྱུད་ཤོད་པ། རུལ་སུངས་བྱས་ན་ཏང་ཡོན་ལས་བྱེད་པ་རང་ཉིད་དང་ཁྱིམ་ཚང་ལ་གནོད་འཚེ་དང་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་སྐོར་ཤོད་པ། ཏང་ཡོན་ལས་བྱེད་པའི་ནང་མིས་ཁྱིམ་ཚང་ལ་མཐོང་ཆེན་དང་། ཁྱིམ་ཚང་སློབ་གསོར་མཐོང་ཆེན། ཁྱིམ་སྲོལ་བཟང་པོར་མཐོང་ཆེན་བཅས་ལ་དྲན་སྐུལ་བྱས་ཏེ་ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་སྲོལ་གསར་ལ་སྐུལ་འདེད་བཏང་ཡོད།

གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང“སྤྱོད་གཙང་གི་ཁྱིམ་སྲོལ་འཛུགས་པའི”བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་དང་། གསར་བརྗེའི་དཔེ་དེབ་ཁྱིམ་ཚང་དུ་ལྟ་ཀློག གུང་ཁྲན་ཏང་ཡོན་གྱིས་ཁྱིམ་དུ་དཔེ་ཀློག་དང་ཁྱིམ་ཚང་སློབ་གཅུན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་ཁོང་ཚོའི་ནང་མིས“ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་དང་། ཁྱིམ་ཚང་སློབ་གཅུན་སྲུང་བ། ཁྱིམ་སྲོལ་ལེགས་སུ་གཏོང་བ”བཅས་བྱས་ཏེ་ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་སྲོལ་བཟང་བཅས་སྐྱེད་སྲིང་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས“ཁྱིམ་ཚང་གི་སྤྱོད་གཙང་འཛུགས་སྐྱོང་ལ་རོགས་རམ་བྱེད་པའི”འབྲེལ་ཡོད་བྱེད་སྒོ་ཐེངས་260ལྷག་ཙམ་སྤེལ་བས། ཏང་ཡོན་ལས་བྱེད་པ་དང་ནང་མི་8000ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད། 


微信

抖音

邮箱

邮箱地址:xzwxbjb@sina.com