ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡིན།

发布时间:2023年10月10日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར། 文章作者:ནོར་འཛིན་གསལ་སྒྲོན།

“ང་རང་ཧ་ཅང་ཡ་མཚན་དགོས་པ་ཞིག་ནི་བོད་ཀྱི་འཕེལ་རྒྱས་དང་དེའི་རིག་གནས་སྣ་མང་རང་བཞིན་དེ་རེད། ཡིན་ན་ཡང་ངས་ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་སློབ་སྦྱོང་བྱས་ནས་མཉམ་དུ་དབུལ་པོ་སེལ་ཐུབ་རེ་དེ་བས་བྱེད་འདོད་ཡོད” ཟླ་10ཚེས་5ཉིན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི“འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད”ཅེས་པའི་རིམ་མཚུངས་ཡན་ལག་གླེང་སྟེགས་ཐོག ཀྲུང་གོར་བཅའ་སྡོད་པུ་རུན་ཏིའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེ་མོ་ཐེ་ལེ་སི་ཧྥུར·དབྱི་ལཱ་མུའུ་པོ་ནཱ་ཡིས་གསར་འགོད་པར་དེ་ལྟར་བཤད། འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནམ་ཡང་འགྱུར་བ་མེད་པའི་བརྗོད་དོན་གཙོ་བོ་ཞིག་ཡིན་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཡོང་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སྐབས་འདིའི་ཡན་ལག་གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་བར་གཅིག་རྗེས་གཉིས་མཐུད་དུ་མོས་བསྟོད་ཀྱང་བྱས་པ་རེད།

ཁེན་ནི་ཡའི་གཞོན་ནུ་དང་སྒྱུ་རྩལ་དང་ལུས་རྩལ་པུའི་པུའུ་ཀྲང་ཨ་པཱ་པུའུ·ནཱ་མུའུ་དབན་པཱ་ཡིས། ཀྲུང་གོའི་བོད་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་ལ་ང་རང་ཧ་ལས་བྱུང་། དེ་དག་ལས་བག་ཆགས་ཟབ་ཤོས་ནི་འཕེལ་རྒྱས་གཏོང་ཞོར་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་བརྗེད་མེད་པ་དེ་རེད། ཁེན་ནི་ཡ་དང་ཀྲུང་གོའི་བོད་ལྗོངས་ཀྱིས་གནམ་གཤིས་འགྱུར་ལྡོག་བཅོས་སྒྲིག་དང་། ཁོར་ཡུག་སྲུང་སྐྱོང་། འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་གཞི་རྩ་དང་འགག་རྩ་ཡིན། བོད་ཀྱི་འཕེལ་རྒྱས་དང་བོད་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསོན་ཉམས་དོད་པ་ཞིག་རེད།

ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུང་གོས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་ཁབ་ཁག་དང་རྒྱ་ཁྱབ་ངང་མཉམ་ལས་གཏིང་ཟབ་བྱས་ནས། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་པའི་ངོས་འཛིན་བྱས་པ་དང་སྦྲགས། ཕྱོགས་ཁག་གིས་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཀྱིས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

པེ་ཅིང་སློབ་ཆེན་གྱི་སློབ་དཔོན་ཆེ་མོ་ལིའུ་ཀྲི་ཡིས། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནི་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་ཡིན་པས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་འཕྲད་པའི་འགྲན་སློང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། དེར་བརྟེན། རྒྱལ་སྒྲོལ་དཔལ་འབྱོར་བར་ཁྱམས་སྐྱེད་སྲིང་བྱ་རྒྱུ་དེ་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ཐོག་བོད་ཀྱི་ས་མཐོའི་སྐྱེ་ཁམས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་བའི་སྔོན་འགྲོའི་འོག་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།


微信

抖音

邮箱

邮箱地址:xzwxbjb@sina.com