​སྐྱེ་ཁམས་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན།

发布时间:2023年09月15日 文章来源:藏评中心


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་གཏོད་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ཡོད།

སྟོན་འགོའི་ཉིང་ཁྲིར་གངས་རི་འགྱིང་ངེར་གནས་པ་དང་། ནགས་ཚལ་སྟུག་ལ། རི་བོ་སྔོ་ལ་ཆུ་མོ་དྭངས་ཤིང་གཙང་། ཟླ་9ཚེས་10ཉིན་གྱི་སྔ་དྲོ། གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ་ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཚན་རྩལ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་སོགས་རྒྱལ་ཁབ་པུའུ་ཨུད་ཀྱི་འགོ་ཁྲིད་དང་འཐུས་མི་དང་། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁ་ཤས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར(ས་ཁུལ)བདུན་གྱི་འབྲེལ་ཡོད་འགན་འཁུར་བ། འབྲེལ་ཡོད་མཐོ་སློབ་དང་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། ལྗོངས་ཕྱི་ནང་གི་འཐུས་མི་སོགས་120ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད།

གླེང་སྟེགས་རིང“ཚན་རིག་རྟོག་ཞིབ་ཀྱིས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་སྔོག་འདོན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོར་བྱས་ནས། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཁྲོད་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་མངོན་པར་བྱས་ཡོད།

ཚོགས་རར་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བརྗོད་དོན་གཙོ་བོར་དམིགས་ནས་གང་བསམ་ལྷུག་གླེང་གིས་རང་ཉིད་ཀྱི་ལྟ་སྟངས་དང་འདོད་ཚུལ་མཉམ་སྤྱོད་བྱས་པས། ཚང་མར་གཙོ་གནད་རེ་ཡོད་པ་དང་། རྣམ་པ་སྣ་ཚོགས་ཤིང་ངོ་མཚར་ཆེ་བ་མ་ཟད། གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོའི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཟུར་ཚད་མང་པོའི་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཛེས་སྡུག་ལྡན་པའི་རེ་འདོད་མཚོན་པར་བྱས་ཡོད།

“ད་ཐེངས་ཀྱི་གླེང་སྟེགས་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། རིགས་གཅིག་མཁས་ཅན་མང་པོའི་སྙན་ཞུ་ཉན་རྗེས་ངས་སྐྱེ་ཁམས་དང་ས་མཐོའི་ཁོར་ཡུག་འགྱུར་ལྡོག་འགྲོ་བའི་རྐྱེན་རྩའི་སྐོར་གྱི་ཤེས་བྱ་མང་པོ་ཤེས་བྱུང་ལ། ང་ཚོ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འཕྲད་པའི་ཞིབ་འཇུག་བྱ་གཞི་སྣ་ཚོགས་ཀྱང་ཤེས་རྟོགས་ཐུབ་བྱུང”ཞེས་བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་བྱམས་པ་གཡང་འཛོམས་ཀྱིས་བཤད། ཁོང་གིས“སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ལ་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པའི་མྱོང་ཚོར་ཟབ་མོ་བྱུང་། བོད་ནི་མཚོ་བོད་ས་མཐོའི་བྱེད་པོ་ཞིག་རེད་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཀྱང་རེད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཡག་པོ་བསྐྲུན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་འཛུགས་གཏོད་བྱ་ཆེད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོས་ས་མཐོའི་བུ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ཐུན་མོང་གི་རེ་སྒུག་མཚོན་ཡོད། འགྲན་ལམ་གསར་པར་ལེའུ་གསར་པ་བཏོད་ནས་བོད་ཀྱི་ས་གཞི་ཆེན་པོ་འདིའི་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་མུ་མཐུད་རྩོམ་བཞིན་མཆིས།

                    རྩོམ་སྒྲིག་པ།དབྱངས་ཅན།

微信

抖音

邮箱

邮箱地址:xzwxbjb@sina.com