བོད་ཡིག་ཡིག་གཟུགས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས།

发布时间:2023年06月06日 文章来源:བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། 文章作者:ཟླ་སྒྲོན།

བོད་ཡིག་ཡིག་གཟུགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་།སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ལྡན་ཡོད་ལ།ཀྲུང་ཧྭའི་རིག་གནས་སྒྱུ་རྩལ་བང་མཛོད་ནང་གི་དམིགས་གསལ་ཁྱད་ཆོས་ལྡན་པའི་མཆོག་ནོར་ཞིག་ཀྱང་ཡིན།དུས་རབས་གོང་མའི་ལོ་རབས་80པར་བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་དངོས་སུ་བཙུགས་པ་དང་།2008ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ཡིག་ཡིག་གཟུགས་འདི་ཉིད་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་།2017ལོར་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཉིན་མོ་གཏན་ཁེལ་བྱས་པ་སོགས་ལས་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་མཚོན།

ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་བོད་ཡིག་ཡིག་གཟུགས་ལོ་རྒྱུས་ཡུན་རིང་ཞིང་རྣམ་པ་གསར་པ་ཡང་ཐོན་དང་ཐོན་མུས་ཐོག་དུས་རབས་གསར་པར་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།དེང་སྐབས།བོད་ཀྱི་སློབ་ཆུང་མང་པོར་བོད་ཡིག་ཡིག་གཟུགས་སློབ་ཚན་བཀོད་སྒྲིག་བྱས་ཡོད་ལ།སློབ་ཕྱིར་ཡང་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་གྱི་འཛིན་གྲྭ་མང་པོ་བཙུགས་ཡོད།ད་དུང་བོད་ཡིག་ཡིག་གཟུགས་ཀྱི་གསོ་སྦྱོང་དང་འགྲེམས་སྟོན།འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་དེ་བས་མང་བས་བོད་ཡིག་ཡིག་གཟུགས་ལ་དོ་འཁུར་དང་སློབ་སྦྱོང་བྱེད་འགོ་ཚུགས་ཡོད།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཏང་དང་ཚུན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་།  བོད་ཡིག་ཡིག་གཟུགས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རྒྱུ་དེ་དེའི་ཁྲོད་ཀྱི་བསྡུས་རིས་ཆུང་ཆུང་ཞིག་རེད།


微信

抖音

邮箱

邮箱地址:xzwxbjb@sina.com