བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ལྷག་པར་དུ་འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་ཁ་ཐོར་དུ་གནས་ཡོད་དེ། རྟག་ཏུ་སྤྱི་ལེ་ཁ་ཤས་དང་ཐ་ན་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་མཚམས་སུ་དུད་ཚང་གཅིག་གམ་ཡང་ན་དུད་ཚང་ཁ་ཤས་ཡོད། སྡོད་གནས་ཀྱི་ཁྱབ་ཚུལ་འདིའི་རིགས་ཀྱིས་སློབ་གསོ་ཁྱབ་གདལ་གཏོང་བར་དཀའ་ངལ་ཆེན་པོ་བཟོས་ཡོད།
བོད་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་སློབ་གསོ་ཐོབ་དབང་འགན་ལེན་གང་ལེགས་བྱ་ཆེད། 1985ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ཀྱི་ཞིང་འབྲོག་ཁུལ་དུ་ཞག་སྡོད་ལམ་ལུགས་ཀྱིས་གཙོ་བོར་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་བྱེད་སྟངས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མ་ཟད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། སློབ་གྲྭ་དང་ཞིང་འབྲོག་མང་ཚོགས་ཁག་གཅིག་གི་སྲོལ་རྒྱུན་བཟའ་བཏུང་གི་གོམས་གཤིས་བསྡུར་ན། སློབ་གྲྭའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པ་དང་བཟའ་བཅའི་འཚོ་བཅུད་དེ་བས་དོ་སྙོམས་ཡོད་དེ། དུས་རྒྱུན་ཤ་དང་། སྒོ་ང་། འོ་མ། སྔོ་ཚལ། ཤིང་འབྲས་སོགས་མཁོ་འདོན་བྱེད་ཀྱི་ཡོད།
ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་ནི་སྨོས་མི་དགོས་པ་ཞིག་རེད། ཕྲུ་གུ་ཁྲི་སྟོང་མང་པོ་ནི་ཕན་པ་ཐོབ་མཁན་ཆེ་ཤོས་ཡིན་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའང་མཉམ་དུ་ཕན་པ་ཐོབ་མཁན་ཡིན། འདྲ་མཉམ་གྱི་སློབ་གསོའི་ཐོན་ཁུངས་ནི་ཉི་མའི་འོད་ཟེར་བཞིན་ང་ཚོའི་མིག་མདུན་གྱི་མུན་པ་སེལ་ནས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཡོད།
中央部门网站
自治区部门网站
地(市)委部门网站
相关新闻网站