བོད་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཁོར་ཡུག་དང་། སློབ་ཁྲིད་སྒྲིག་བཀོད། དགེ་འོས་ཀྱི་སྟོབས་ཤུགས། བཟའ་སྡོད་ཀྱི་ཆ་རྐྱེན་བཅས་ཚང་མ་ཅུང་ལེགས་པོ་ཡོད་པ་དང། བོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ལྷ་མོ་དང་། ཞབས་བྲོ། ཐང་ག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་རྒྱུན་དུ་བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་གྱི་བུ་ཕྲུག་རྣམས་ཀྱི་སློབ་གསོར་སྟབས་བདེ་དང་ཕན་འབྲས་ཐོབ་ཡོད། བོད་དུ་རང་གུལ་ངང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སློབ་གསོ་དང་ལེན་བྱ་རྒྱུ་རང་འགུལ་ངང་གདམ་ག་བྱས་པ་དེ་ཁྱིམ་བདག་དང་སློབ་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།
ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བོད་དུ་བཙུགས་པ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བུ་ཕྲུག་རྣམས་སློབ་གྲྭར་ཞུགས་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་མྱོང་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། བོད་རྙིང་པར་སློབ་གསོ་མྱོང་མཁན་མང་ཆེ་བ་སྐུ་དྲག་གི་བུ་ཕྲུག་ཡིན་པ་དང་། སྤྱིའི་མི་འབོར་གྱི་བརྒྱ་ཆ་95ཟིན་པའི་ཞིང་བྲན་ལ་སློབ་གསོ་མྱོང་བའི་དབང་ཆ་མེད་པ་མ་ཟད། ཡིག་རྨོངས་ཀྱི་ན་གཞོན་བརྒྱ་ཆ་95ཟིན་ཡོད། 《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔའི་བར་བོད་དུ་གསར་སྣོན་གྱི་ངལ་རྩོལ་ནུས་ཤུགས་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་13.1བར་མཐོ་རུ་ཕྱིན་ཡོད་པ་དང། སློབ་ལོ་ལོན་པའི་བྱིས་པ་དེ་བས་མང་བས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གསོ་དང་ལེན་བྱས་པ་བརྒྱུད་རང་ངོས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དང་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་དང་ལེན་བྱེད་ཚད་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།
ལྷག་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站